15913

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཅོ་ནེ་དགོན་ཆེན་ (1)
Part of speech མིང་ཚིག
Definition འགྲོ་མགོན་ཆོས་རྒྱལ་འཕགས་པའི་བཀའ་ལྟར་ས་སྐྱ་བའི་བླ་མ་ཞིག་གིས་རབ་བྱུང་ལྔ་པའི་ཤིང་ལུག་ལོར་མདོ་སྨད་ཅོ་ནེ་ཡུལ་དུ་བཏབ་པའི་ས་སྐྱའི་དགོན་ཆེན་ཞིག་ཡིན། རབ་བྱུང་བརྒྱད་པའི་ས་ཡོས་ལོར་ཆོས་རྗེ་རིན་ཆེན་ལྷུན་པོས་དགེ་ལུགས་པའི་དགོན་པར་བསྒྱུར། རབ་བྱུང་བཅུ་གཉིས་པའི་ཤིང་རྟ་ལོར་ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས་དེར་མཚན་ཉིད་གྲྭ་ཚང་བཙུགས་ཤིང༌། ས་བྱ་ལོར་རྒྱུད་གྲྭ་བཙུགས། འདི་ནས་བཀའ་བསྟན་འགྱུར་གྱི་དཔར་ཤིང་ཆ་ཚང་བ་ཞིག་བཞེངས་མྱོང་།