15916

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཅོ་ནེ་བླ་མ་བློ་བཟང་རྒྱ་མཚོའི་སྤྲིན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅོ་ལྔ་པའི་ལྕགས་རྟ་ཕྱི་ལོ་ ༡༨༧༠ ལོར་མདོ་སྨད་ཆོས་དཔལ་ཞིང་དུ་འཁྲུངས། བརྒྱད་པར་རྗེ་ངག་དབང་གི་མདུན་ནས་ཡི་གེའི་སྦྱོར་ཀློག་དང་། ཆོས་སྤྱོད་བཅས་ལ་བྱང་བར་མཛད། དགེ་བསྙེན་དང་རབ་བྱུང་གི་སྡོམ་པ་བཞེས། བཤེས་གཉེན་ངག་གི་དབང་ཕྱུག་དང་། འཇམ་བཞད་སྐལ་བཟང་ཐུབ་བསྟན་དབང་ཕྱུག་སོགས་བསྟེན། གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས། བླ་བྲང་བཀྲ་ཤིས་འཁྱིལ་དུ་བཞུགས། རྒྱུད་སྡེ་བཞི་ལ་ཐོས་བསམ་མཛད། སོ་དགུ་པ་རབ་བྱུང་བཅོ་ལྔ་པའི་ས་བྱ་ཕྱི་ལོ་ ༡༩༠༩ ལོར་པཎ་ཆེན་ཐུབ་བསྟན་ཆོས་ཀྱི་ཉི་མས་གཙང་བཀྲ་ཤིས་ལྷུན་པོར་གདན་ཞུ་གནང། ལོ་ཤས་རིང་ཆོས་ཀྱི་འཆད་ཉན་སྤེལ། ང་དྲུག་པར་དབུས་སུ་ཕེབས། ཕ་བོང་ཁ་བྱམས་པ་ས་བཀྲ་ཤིས་ཆོས་གླིང་དུ་གདན་དྲངས། མདོ་སྔགས་ཀྱི་ཆོས་མང་དུ་གནང་། དྲུག་བཅུ་བར་རྒྱལ་བ་ཐུབ་བསྟན་རྒྱ་མཚོས་ནོར་གླིང་དུ་གདན་འདྲེན་ཞུས། བཀའ་འགྱུར་དཀར་ཆག་རྩོམ་འབྲི་མཛད་པའི་ཐུགས་འགན་བཞེས། རབ་བྱུང་བཅུ་དྲུག་པའི་ཆུ་སྤྲེལ་ཕྱི་ལོ་ ༡༩༣༢ ལོར་སྐུ་གཤེགས། གསུང་རྩོམ་ནི་ཟབ་དོན་དབྱངས་སུ་གྱེར་བ་འཕྲ་འདུའི་གླུ་དབྱངས་དང་། ཚད་མ་རྣམ་འགྲེལ་གྱི་བསྡུས་དོན་གཏེར་གྱི་ཁ་བྱང་། རང་ཉིད་དགེ་བར་བསྐུར་བའི་གཏམ་ཚོགས་མགུར་མ་བཅས་ཆོས་ཚན་དགུ་ལོངས་པའི་པོད་གཅིག་བཞུགས།