15918
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གཉིས་པའི་ས་བྱི་ཕྱི་ལོ་ ༡༧༠༨ ལོར་མདོ་སྨད་དུ་ཅོ་ནེ་དཔོན་དམག་ཟོར་མགོན་པོའི་སྲས་སུ་འཁྲུངས། འཇམ་དབྱངས་ཕུན་ཚོགས་ལས་རབ་ཏུ་བྱུང་། གནས་བརྟན་འཕྲིན་ལས་དར་རྒྱས་ལས་ཡི་གེའི་སྦྱོར་ཀློག་དང་། འདོན་ཆོས་སྤྱོད་བཅས་ལ་སྦྱངས། སེ་ར་པཎྜི་ཏ་ལས་དགེ་ཚུལ་བསྒྲུབས། ཟབ་ཆོས་དུ་མ་གསན། ཅོ་ནེ་དགོན་དུ་ཞུགས། བསྡུས་གྲྭ་དང། ་བཀའ་པོད་ལྔ་ལ་སྦྱངས། རྗེ་གྲགས་པ་བཤད་སྒྲུབ་ལས་སྙན་ངག་དང་། ས་རིས་ལ་མཁས་པར་སྦྱངས། ཉི་ཤུ་བར་ཁྱ་དགེ་དཔོན་ལས་བསྙེན་པར་རྫོགས། དབང་ལུང་མན་ངག་མང་དུ་གསན། སྟོབས་ལྡན་རྒྱ་མཚོ་ལས་བདེ་གསང་འཇིགས་གསུམ་གྱི་བསྐྱེད་རྫོགས་ཀྱི་ཁྲིད་དང་། མགོན་པོའི་བེའུ་བུམ་གྱི་ལུང་། བསྙེན་སྒྲུབ་ལས་གསུམ་གྱི་ལག་ལེན་མཐོང་བརྒྱུད་དང་བཅས་པ། དྲུག་ཅུ་བ་དང་ལྕགས་མཁར་ཆེ་ཆུང་གི་ལག་ཁྲིད་དམིགས་རིམ་ཞལ་ཤེས། ལྷ་མོའི་བསྙེན་སྒྲུབ་ལས་གསུམ་གྱི་ལག་ཁྲིད། ཧ་ལ་ནག་པོའི་བེའུ་བུམ་དཔེ་རིས་ལག་ཁྲིད་ཡོངས་རྫོགས། བེག་པོད་ཡོངས་རྫོགས་ཀྱི་ལུང་། ཀུ་རུ་ཀུ་ལེའི་འཁོར་ལོའི་ཁྲིད་སོགས་མང་དུ་གསན་པས་སྙན་བརྒྱུད་མན་ངག་གི་བདག་པོར་གྱུར། པཎ་ཆེན་རིན་པོ་ཆེས་མཁན་པོ་ནོ་མིན་ཧན་གྱི་ཆོ་ལོ་དང་། བཀའ་ཤོག་ཐམ་ཀ་བཅས་པ་གནང་། སྟོན་པའི་འཁྲུངས་རབས་དང་། པཎ་ཆེན་འཁྲུངས་རབས། ལམ་རིམ་བླ་བརྒྱུད་སོགས་ཀྱི་ཞལ་ཐང་མང་པོ་དང་། འཇིགས་བྱེད་བློས་བསླངས། འཇམ་དབྱངས་ཀྱི་ལྡེར་སྐུ། བདེ་གཤེགས་བརྒྱད་ཀྱི་མཆོད་རྟེན་སོགས་བཞེངས། བཀའ་འགྱུར་དང་། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སོགས་དཔར་ཤིང་དང་བཅས་པ་བཞེངས། གཙུག་ལག་ཁང་སོགས་བཞེངས། འདས་ལོ་མི་གསལ། |