15922

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཅོ་ནེ་ཡེ་ཤེས་ཚུལ་ཁྲིམས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅོ་ལྔ་པའི་ས་སྦྲུལ་ཕྱི་ལོ་ ༡༨༦༩ ལོར་མཚོ་སྔོན་དུ་ཡབ་བཟོད་པ་བརྟན་པ་དང་། ཡུམ་དུང་མཚོ་གཉིས་ཀྱི་སྲས་སུ་འཁྲུངས བྱིས་དུས་ཀྱི་མིང་ལ་ལྷ་སྲུང་ཞེས་ཞུ། བདུན་པར་ཚྭ་བ་ཨ་ལགས་ཀྱི་དྲུང་ནས་རབ་ཏུ་བྱུང། མཚན་ལ་བསྟན་འཛིན་གྲགས་པ་ཞེས་གསོལ། ཡེ་གེའི་སྦྱོར་ཀློག་དང་། ཆོས་སྤྱོད་བཅས་ལ་བྱང་བར་མཛད། བཅུ་བཞི་པར་སྐུ་འབུམ་རང་སྒར་གྱི་གདན་སའི་ཁྲིར་བཀོད། དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས། གཞུང་བཀའ་པོད་ལྔ་ལ་ཐོས་བསམ་མཛད། ཉེར་གཉིས་པ་རབ་བྱུང་བཅོ་ལྔ་པའི་ལྕགས་སྟག་ཕྱི་ལོ་ ༡༨༩༠ ལོར་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲིར་བཞུགས། འགྲིག་ལམ་དང་། ཀུན་སྤྱོད། འཆད་ཉན་བཅས་ལ་དོ་དམ་མཛད། ལོ་ཉེར་དྲུག་པ་རབ་བྱུང་བཅོ་ལྔ་པའི་ཤིང་རྟ་ལོ་ཕྱི་ལོ་ ༡༨༩༤ ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲིར་བཞུགས། ཁྲི་ཟུར་ནས་སྨད་ཕྱོགས་སུ་ཕེབས། །འདས་ལོ་མི་གསལ། སྐུ་འབུམ་དགོན་གྱི་སྨན་པ་དཔོན་སློབ་ཀྱི་ཁྲི་རབས་ང་བརྒྱད་པ་དང་། སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་དོན་བཞི་པ་ཡིན།