15923

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཅོ་ནེ་རིན་ཆེན་ལྷུན་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་བདུན་པའི་ས་ལུག་ཕྱི་ལོ་ ༡༤༣༩ ལོར་མདོ་སྨད་ཅོ་ནེའི་དཔོན་ཚང་དུ་འཁྲུངས། ཆུང་དུས་ཅོ་ནེ་དགོན་ནས་སློབ་གཉེར་མཛད། དབུས་གཙང་དུ་ཕེབས། རྗེ་དགེ་འདུན་གྲུབ་སོགས་བཤེས་གཉེན་བསྟེན། མདོ་སྔགས་རིག་གནས་དང་བཅས་པར་སྦྱངས། རང་ཡུལ་དུ་ཕེབས། ཉེར་གཅིག་པ་རབ་བྱུང་བརྒྱད་པའི་ས་ཡོས་ཕྱི་ལོ་ ༡༤༩༥ ལོར་ཅོ་ནེ་དགོན་ས་སྐྱའི་གྲུབ་མཐའ་ལས་རི་བོ་དགེ་ལྡན་པའི་གྲུབ་མཐར་བསྒྱུར། དགའ་ལྡན་བཤད་སྒྲུབ་གླིང་ཞེས་བཏགས། མཁན་པོ་ཐོག་མའི་ཐུགས་འགན་བཞེས། འདས་ལོ་མི་གསལ།