15940

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཅོག་གྲུ་ཏིང་འཛིན་བཟང་པོ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གཅིག་པའི་སྨད་དུ་འཁྲུངས། །བོད་ཡུལ་ནས་སློབ་གཉེར་མཛད། བསྟན་པའི་ཆོས་སྒོར་ཞུགས། རབ་བྱུང་དང་། དགེ་ཚུལ་སློང་གི་སྡོམ་པ་རྣམས་མནོས། འདུལ་བའི་ཆོས་གཞུང་བཅས་ལ་སྦྱངས། འདུལ་འཛིན་པ་ཆེན་པོར་གྱུར། ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་ས་བྱོན། པཎ་གྲུབ་མང་པོའི་ཞབས་ལ་གཏུགས། རྒྱ་གཞུང་དང་། ལེགས་སྦྱར་བཅས་ལ་དཔྱིས་ཕྱིན་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་འཁྲུལ་བ་སྤང་པའི་སྒྲུབ་ཐབས་དང་། ལྷན་ཅིག་སྐྱེས་པའི་དགའ་བ་ལ་ཡང་དག་པར་སྦྱོར་བ། དཔལ་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་པ། མངོན་པར་བརྗོད་པ་འབུམ་པ་ལས་བྱུང་བ་ཉུང་ངུའི་རྒྱུད་ཀྱི་བསྡུས་པའི་དོན་རྣམ་པར་བཤད་པའི་ལེའུ་དང་པོའི་འགྲེལ་བཤད། དབུ་མ་རིན་པོ་ཆེའི་ཕྲེང་བ། ཐེག་པ་ཐམས་ཅད་དུ་སྣང་བར་བྱེད་པའི་བྱེ་བྲག་ཏུ་བཤད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་མང་ངག། རིགས་པའི་སྦྱོར་བ་བཅས་བཞུགས།