15947

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཅོག་གྲྭ་བཞི་པ་སྐལ་བཟང་མི་ཕམ་རྣམ་རྒྱལ་ (1)
Part of speech མིང་ཚིག
Definition ཅོག་གྲྭ་སྐུ་ཕྲེང་བཞི་པ་སྐལ་བཟང་མི་ཕམ་རྣམ་རྒྱལ་མཆོག་ནི། ཐོས་བསམ་མཐར་ཕྱིན་ནས་གཡུ་སྒོང་བྲག་ཏུ་ལོ་གསུམ་སྒོམ་སྒྲུབ་གནང་སྐབས་ཨོ་རྒྱན་རིན་པོ་ཆེ་དག་སྣང་དུ་ཞལ་གཟིགས་པས། གང་གི་ཕྲིན་ལས་རྗེས་སུ་བསྐྱང་ཕྱིར་དགོན་འདིའི་ས་ཟླའི་ཚེས་བཅུ་དང་བཅུ་གཅིག་སྟེ། ཉིན་གཉིས་ཀྱི་གར་འཆམ་གསར་འཛུགས་གནང༌། བསྟན་འགྲོའི་མཛད་ཕྲིན་རྒྱས་པར་བསྐྱངས། དགུང་གྲངས་དྲུག་ཅུའི་སྐོར་བཞུགས་པ་ལས་ལོ་རྒྱུས་རྒྱས་པ་མ་མཐོང་ངོ༌། །