15949

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཅོག་གྲྭ་སྐུ་ཕྲེང་དྲུག་པ་བསྟན་པའི་རྒྱལ་མཚན་ (1)
Part of speech མིང་ཚིག
Definition ཅོག་གྲྭ་སྐུ་ཕྲེང་དྲུག་པ་ངག་དབང་བསྟན་པའི་རྒྱལ་མཚན་མཆོག་ནི། རྣམ་ཐར་ཞིབ་པར་མ་རྙེད། སྙན་བརྒྱུད་ཡུམ་བཀའི་བརྒྱུད་འདེབས་སུ་ཡོངས་འཛིན་དྲུག་པ་ཤེས་བྱ་ཀུན་མཁྱེན་( ༡༨༣༢ - ༡༨༩༤ )གྱི་སློབ་མ་ཡིན་པར་གསལ། ཐོས་བསམ་མཐར་ཕྱིན་ནས་ལོ་གསུམ་ཕྱོགས་གསུམ་སོགས་སྒོམ་སྒྲུབ་ལོ་མང་མཛད་པའི་རྗེས་སུ། གདུལ་བྱ་བསོད་ནམས་དམན་པའི་དབང་གིས་དགུང་གྲངས་སུམ་ཅུའི་ཡས་མས་ཙམ་སྟེ། སྐུ་ན་ཕྲ་མོ་ནས་གཤེགས་པས་མཛད་འཕྲིན་རྒྱ་ཆེ་བ་མ་བྱུང་བར་གྲགས་སོ། །