15962
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་གཉིས་པའི་ས་བྱི་ཕྱི་ལོ་ ༡༡༠༣ ལོར་མདོ་སྨད་དུ་འཁྲུངས། བཅུ་དགུ་བར་རྒྱ་དམར་བ་བྱང་ཆུབ་གྲགས་ཀྱི་གདན་སར་ཕེབས། ཚད་མ་རྣམ་ངེས་དང་། དབུ་མ་རང་རྒྱུད་དུ་གྲགས་པའི་སྐོར་རྣམས་ལ་གསན། རྩ་བཞི་བར་དོ་བར་རྣམ་ངེས་ཀྱི་བཤད་པ་མཛད། མར་པ་དོ་བ་ཆོས་ཀྱི་དབང་ཕྱུག་གི་སྲ་ནམ་མཁའ་འོད་ལས་བདེ་མཆོག་ལ་སོགས་པའི་གདམས་ངག་ཕྲན་ཆུང་འགའ་ཡང་ཞུས། ཨར་བྱང་ཆུབ་ཡེ་ཤེས་དང་། ཁམས་པ་ཨ་སེང་གཉིས་ལས་དབུ་མ་སོགས་ཆོས་གཞུང་རྣམས་གསན། རྔོག་མདོ་སྡེ་ལས་དགྱེས་རྡོར་དང་མཱ་ཡཱ་བཅས་གསན། མར་པ་དོ་བ་ཆོས་ཀྱི་དབང་ཕྱུག་ལས་བདེ་མཆོག་གི་ཕྲན་དང་བཅས་པའི་གདམས་ངག་ཟབ་མོ་རྣམས་གཟན། བླ་མ་དོ་བ་ལ་ཡང་འབུལ་བ་སྔ་ཕྱི་ལན་གསུམ་དུ་ཕུལ། དཔྱལ་ལོ་ཀུན་དགའ་རྡོ་རྗེ་བསྟེན། ཕག་མོའི་དབང་དང་། གདམས་ངག་བཅས་པར་ཞུས། གནམ་མཚོའི་སྒྲུབ་གནས་སུ་ལོ་ངོ་དྲུག་རིང་ཉམས་ལེན་མཛད། མེ་དགེ་ལྷ་འཚོ་དགོན་པ་གསར་འདེབས་མཛད། བཤད་གྲྭ་དང་། སྒོམ་གྲྭ་གཉིས་སུ་ཕྱེས། རྩ་དགུ་པ་རབ་བྱུང་གསུམ་པའི་མེ་སྤྲེལ་ཕྱི་ལོ་ ༡༡༧༦ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་ཁྱི་ར་བ་དང་། དགེ་བཤེས་གུ་ཤྲཱི་འབྲོམ་པ་དང་། རོང་བོ་དགེ་རིངས་པ་དང་། ཞང་ཚུལ་ཁྲིམས་ཤེས་རབ་བཅས་ཡིན། གསུམ་རྩོམ་ནི་རིན་ཆེན་ལྗོན་ཤིང་དང་། རྩ་བའི་རྒྱུད་ཀྱི་ཊཱི་ཀ་བཅས་མང་དུ་བཞུགས། མར་པ་དོ་པ་ཆོས་ཀྱི་དབང་ཕྱུག་གི་བདེ་མཆོག་ལུགས་ཀྱི་གདམས་རྒྱུན་འཛིན་མཁན་ཡིན། |