15963
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་དགུ་པའི་མགོར་འཁྲུངས། རྒྱལ་པོ་ཁྲི་རལ་པ་ཅན་གྱི་བཙུན་མོ་ཡིན་པ། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་དུ་འཁོད། ཆོས་འབྱུང་མཁས་པའི་དགའ་སྟོན་ལས་དབས་རྒྱལ་ཏོ་རེས། བྲན་ཀ་དཔལ་གྱི་ཡོན་ཏན་དང་། བཙུན་མོ་དཔལ་གྱི་ངང་ཚུལ་མ་ལྐོག་ཏུ་ཉལ་བཤམས་སོ་ཞེས་བཙན་པོའི་ཁྲི་གཙུག་ལྡེ་བཙན་རལ་པ་ཅན། སྙན་དུ་གསོལ་བས། ཁྲིམས་ལ་སྦྱོར་ཞིག་ཅེས་གསུངས་པ་ན་བཙུན་མོ་ངང་ཚུལ་མ་ཤིན་ཏུ་སྡུག་བསྔལ་ཏེ་རང་ལྕེབས་ནས་ཤིའོ། ཞེས་གསུངས། |