15964
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བརྒྱད་པའི་དཀྱིལ་དུ་འཁྲུངས། ལུས་ཀྱི་ཆ་ཚད་མཉམ་པ། སྐྱེ་འབྲས་མཚར་བའི་བུད་མེད་མཛེས་མ་ཞིག་ཡིན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་བཞེངས་སྐབས་ཐོག་མར་ལྷོ་ངོས་ཨརྱ་པ་ལོའི་གླིང་བརྩིགས། ཐོག་ཕུབ་པ་དང་། དེའི་ནང་བརྟེན་བཞེངས་དུས་ལྷ་བཟོ་རྒྱ་མཚལ་བུ་ཅན་གྱིས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་ལྷ་རྒྱ་གར་དང་། རྒྱའི་ལུགས་གང་བགྱི་ཟེར། གྲོས་བགྱིས་པས་མཁན་པོའི་ཞལ་ནས་སངས་རྒྱས་རྒྱ་གར་དུ་བྱོན་པ་ཡིན་པས་རྒྱ་གར་ལུགས་སུ་གྱིས་གསུངས། བཙན་པོའི་ཞལ་ནས་བོད་ཀྱི་ལུགས་སུ་བགྱིས་ན་བོད་ནག་པོ་ལ་ཞེན་པ་རྣམས་དད་པ་བསྐྱེད་རེ་བ་ཡིན་པས་ལྷ་བོད་ལུགས་སུ་བྱ་བར་ཅི་གནང་ཞེས་ཞུས་པས་འོ་ན་བོད་འབངས་ཀུན་སྡུས་ཤིག་ལྷ་བོད་ལུགས་སུ་བྱའོ་གསུངས། བོད་མིའི་གཟུགས་སུ་བགྱིད་པའི་དཔེ་བོད་འབངས་ཚོགས་པ་ལས་དེའི་ནང་ནས་བུད་མེད་མཛེས་མ་ཅོག་རོ་བཟའ་ནུ་ཆུང་ལ་དཔེ་བགྱིས་ཏེ་འོད་ཟེར་ཅན་མ་བཞེངས། ཞེས་ཆོས་འབྱུང་མཁས་པའི་དགའ་སྟོན་དུ་གསུངས། |