15972

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཅོག་རོ་ཤེས་རབ་འབྱུང་གནས་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་པའི་སྨད་ལ་་མདོ་སྨད་དུ་འཁྲུངས། ཐོག་མར་ཅིག་ཅར་འཇུག་པའི་རྣལ་འབྱོར་པ་ཞེས་བྱ་བ། དགེ་བའི་ཕྱོགས་ཅི་ཡང་མི་བྱེད་པའི་ལོག་རྟོག་གི་ལྟ་བ་འཛིན་པ་ཞིག་ཡིན་ཡང་། བླ་ཆེན་དགོངས་པ་རབ་གསལ་གྱི་མཚན་སྙན་གསན། དན་ཏིག་ཤེལ་གྱི་ཡང་དགོན་དུ་བྱོནྲ། བླ་ཆེན་དགོངས་པ་རབ་གསལ་ལས་དམ་ཆོས་འདུལ་བ་གསན། སྔར་ཀྱི་ཅིག་ཅར་འཇུག་པའི་སྤྱོད་ལམ་དེ་ལྟ་བུ་ལ་ངོ་གནོང་། སེམས་འགྱོད་ནས། ཚུལ་བཞིན་བླ་ཆེན་དགོངས་པ་རབ་གསལ་ལས་རབ་ཏུ་བྱུང་། འདུལ་བསྟན་མདོ་ཁམས་སྨད་ནས་དར་བར་མཛད་རྗེས་ཆེན་པོ་བཞག བླ་ཆེན་དགོངས་པ་རབ་གསལ་གྱི་གྲགས་ཆེ་བའི་སློབ་མ་བཅུའི་ཡ་གྱལ་ཞིག་ཡིན།