15979
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཡུ་ཐོག་ཡོན་ཏན་མགོན་པོས་མཛད་པའི་ཕྱི་མ་འཕྲིན་ལས་རྒྱུད་ནང་འཁོད་པའི་ཅོང་ཞི་གཙོ་བོར་བྱས་པའི་སྨན་སྦྱོར་ཞིག་སྟེ། འདིའི་སྦྱོར་བ་ནི་ཅོང་ཞི་མཛོ་མོའི་འོ་མར་འདམ་བཏགས་བྱས་པ། གི་ཝང། བཟང་པོ་དྲུག ཨུཏྤལ་སྔོན་པོ། ཙན་དན་དཀར་དམར་གཉིས། གླ་རྩི། གསེར་གྱི་མེ་ཏོག དུག་མོ་ཉུང་། ཨ་རུ་ར། པ་ཤ་ཀ རུ་རྟ། པི་པི་ལིང་། ཀ་ར་རྣམས་སྦྱར་བའི་ཅོང་ཞི་བསིལ་སྦྱོར་འདིས་དུག་དང་། སྨུག་པོ། གབ་ཚད། ཚད་པ་རྙིང་པ་བཅས་སེལ་བ་ཡིན། |
| Domain | གསོ་རིག |