15988
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། བྱེད་པོ་རྡོ་རྗེ་སློབ་དཔོན་གྱིས། ལས་སུ་བྱ་བ་སློབ་མ་ལ། བྱེད་པ་གནས་བྱང་སྒོའི་ས་ལ། རྫས་ཅོད་པན་རྒྱལ་བ་རིགས་ལྔར་བྱིན་གྱིས་བརླབས་པ། སྔགས་ཨོཾ་ཨ་ཨི་རྀ་ཨུ་ལྀ་སོགས། ཏིང་ངེ་འཛིན་གཙོ་བོ་རྒྱལ་བ་རིགས་ལྔའི་རང་བཞིན་ཅོད་པན་གྱི་དབང་བསྐུར་བས། བྱ་བ་གནས་སྐབས་སུ་སློབ་མའི་ཕུང་པོ་ལྔ་བློ་ངོར་རྒྱལ་བ་རིགས་ལྔའི་སྐུར་རྫོགས་པས་མ་དག་པའི་ཕུང་པོ་ལྔ་སྦྱོང་བ་དང་། མཐར་ཐུག་རྒྱལ་བ་རིགས་ལྔའི་གོ་འཕང་མྱུར་དུ་ཐོབ་པའི་རྟེན་འབྲེལ་འགྲིག་པས་སྨིན་ཚུལ་ཁྱད་པར་ཅན་དུ་བྱས་པའི་སློབ་མའི་རྒྱུད་ནི་ཅོད་པན་གྱི་དབང་ངོ་། ། |
| Domain | ཆོས་ལུགས། |