16005
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བོད་ཡིག་གི་གསལ་བྱེད་དྲུག་པ་སྟེ། འདིའི་ང་རོ་འདོན་ཚུལ་ནི། སྐྱེ་གནས་རྐན་དང༌། བྱེད་པ་ལྕེའི་རྩེ་མོ་དང་ཉེ་བ། སྒྲ་འབྱིན་ཚུལ་ལྷོད་པ། མིང་གཞིའི་རྟགས་ཀྱི་དབྱེ་བའི་མ་ནིང་གི་ཡིེ་གེ་ཞིག |
{{#arraymap:ཆ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | འདྲིས་གོམས་སམ་རྒྱུས་མངའི་དོན་ཏེ། |
Example | ཁོང་གཉིས་ཆ་ཡོད་ཀྱི་གྲོགས་པོ་ཡིན་ལྟ་བུ། |
{{#arraymap:ཆ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ངག་ཐོག་གི་འཕྲིན་དང་ཡིག་ཐོག་འཕྲིན་གྱི་མིང་སྟེ། ཡུལ་ལུང་འགའ་རེ་ན་ཆ་སྐུར་བ་ནི་ངག་འཕྲིན་ཁོ་ན་ལ་གོ་བ་ཡང་ཡོད། |
Example | ཡི་གེ་འབྲི་མ་ཤེས་སྟབས་ཆ་ཙམ་བསྐུར་བ་ཡིན་ལྟ་བུ། |
{{#arraymap:ཆ་
|; |@@@ | | }}
Part of speech | རྒྱན་ཚིག |
---|---|
Definition | དུམ་བུའམ་ཆ་ཤས་ཀྱི་དོན་ཏེ། |
Example | གཉིས་ཆ། གསུམ་ཆ། དྲུག་ཆ། བརྒྱ་ཆ་ལྔ་བཅུ་ལྟ་བུ། |
{{#arraymap:ཆ་
|; |@@@ | | }}
Part of speech | མཚུངས་ཚིག |
---|---|
Definition | མཚུངས་པ་གསལ་བྱེད་ཀྱི་སྒྲ་རྩ་བའི་གཞུང་ཚིག་གིས་མ་ཟིན་པ་བཅུ་གཅིག་ལས་དང་པོ་སྟེ། དཔེ་དང་དཔེ་ཅན་གཉིས་ཕན་ཚུན་མཚུངས་པར་སྦྱོར་བྱེད་ཀྱི་ཚིག་གྲོགས་ཡིན། |
Example | རྒྱལ་དབང་ལྔ་པས། འདྲེན་བྱེད་ཟུར་གྱིས་གཡོ་བའི་ཆ། །བྷྲ་མ་ར་ལ་ལོངས་སུ་སྤྱོད། །ཅེས་པ་ལྟ་བུ། |
Domain | རྩོམ་རིག |
{{#arraymap:ཆ་
|; |@@@ | | }}
Part of speech | གྲངས་ཚིག |
---|---|
Definition | གཉིས་སྦྲེལ་ལམ་ཟུང་གཅིག་དང་། ཟུང་དུ་མ་ལ་འཇུག་སྟེ། |
Keyword | True |
Example | ཉི་ཟླ་ཆ་འགྲིག་དང་། བུམ་པ་ཆ་གཅིག མཛོ་དཀར་ཁྲ་དམར་ཁྲ་ཆ་བསྒྲིགས་འདུག་ལྟ་བུ། |
Antonyms | ཡ། |
{{#arraymap:ཆ་
|; |@@@ | | }}
Part of speech | གྲོགས་ཚིག |
---|---|
Definition | བརྗོད་བདེས་དྲངས་པའི་མིང་གི་ཆ་ཤས་ལ་འཇུག་སྟེ། |
Example | མཆོད་ཆ། མཚོན་ཆ། དཔེ་ཆ་སོགས་ལྟ་བུ། |
{{#arraymap:ཆ་
|; |@@@ | | }}