16013

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆ་གཉིས་བསྲེས་པའི་སྤང་བ་ (1)
Part of speech མིང་ཚིག
Definition གླེང་གཞི་དང་དགག་བྱ་སྲིན་བལ་གྱི་སྐབས་དང་འདྲ་བར། བལ་ནག་དཀོན་ཞིང་རིན་ཆེ་བས། བྱ་བ་དང་བྱེད་པ་མང་ལ། ཀློག་པ་དང་བསམ་གཏན་ལ་གནོད་ཅིང༌། མུ་སྟེགས་དག དགེ་སྦྱོང་འདི་དག་སྲོག་གཅོད་པ་མ་སྤངས་པ་སྟེ། སུ་ཞིག་འདི་དག་ལ་བསོད་སྙོམས་སྟེར་བར་བྱེད་ཅེས་སྨོད་པའི་སྐབས་དེ་གསོལ་བས། བྱུང་བ་འདི་དང་སོགས། དགེ་སློང་དག ཁྱེད་བལ་ནག་གི་སྟན་གསར་བ་བྱེད་པ་བདེན་ནམ། བཙུན་པ། མད་དོ། །འདོད་པ་ཆེ་བ་སྨད། འདོད་པ་ཆུང་བའི་བསྔགས་པ་བརྗོད་ནས། དེ་ལྟ་བས་ན་ཕན་ཡོན་བཅུ་སོགས་བསྟན་ནས་བཅས་པ་མཛད། ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་སྟན་གྱི་རྒྱུའི་བཞི་ཆ་གཉིས་བལ་ནག་དང་དཀར་པོ་དང་འཁོབ་བལ་བསྲེས་ཏེ་སྟན་བྱེད་པ་གནང་བ་ལས་བལ་ནག་པོ་སྲང་ཕྱེད་ཡན་ཆད་ལྷག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །
Domain ཆོས་ལུགས།

{{#arraymap:ཆ་གཉིས་བསྲེས་པའི་སྤང་བ་

|; |@@@ | | }}