16020
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། རྣལ་འབྱོར་རྒྱུད། རྗེ་བཙུན་གྱིས། འཇིག་རྟེན་པ་ལ་གཏོར་མ་སྦྱིན་པ་ནི་བཞི་བྱ་བར་བཤད་དེ། འབྱུང་པོ་སྤྱིའི་གཏོར་མ་དང་། ཕྱོགས་སྐྱོང་གི་གཙང་གཏོར་དང་། བགེགས་གཏོར་ཏེ་ཆ་གསུམ་དང་། དེའི་རྗེས་ལ་རིགས་དྲུག་དང་ཡི་དྭགས་ལ་གཏོར་མ་སྦྱིན་པར་བྱའོ། །ཆོ་ག་ནི། དེ་ཡི་གཏོར་མ་ཇི་ལྟར་མཐུན་པ་བྱ། །ཞེས་པས་རྒྱས་བསྡུས་གང་རུང་གི་ཀྱང་བཏུབ་ཏེ། དེ་ཡང་ཕྱོགས་སྐྱོང་གི་གཏོར་མ་རིག་པ་མཆོག་གི་རྒྱུད་དང་། འབྱུང་པོའི་གཏོར་མ་དཔུང་བཟང་གིས་ཞུས་པ་ལས་བསྟན་ཏོ། །ཞེས་གསུང་རྒྱུན་དང་གནའ་མཆན་ལས་འབྱུང་ངོ། །སྤྱིར་བགེགས་གཏོར་དང་འབྱུང་གཏོར་གཉིས་བྱ་སྤྱོད་གྱི་སྐབས་སུ་བྱེད་པ་དང། ཕྱོགས་སྐྱོང་གི་གཏོར་མ་རྣལ་འབྱོར་རྒྱུད་ཀྱི་སྐབས་སུ་གཙོ་བར་བྱེད་པ་ཡིན་ཀྱང། གཏོར་མ་གསུམ་ཀའང་རྒྱུད་སྡེ་གསུམ་ཀ་ལ་བྱེད་པའི་ཕྱག་ལེན་ཤྲདྡྷའི་དགོངས་པ་རྡོ་རྗེ་འཆང་གིས་མཛད་པ་ལྟར་ཡིན། དེའང་ཆ་གསུམ་རྒྱས་པ་བོད་དུ་མ་འགྱུར། ད་ལྟ་འབྲིང་པོར་གྲགས་པ་འདི་ལ་རྒྱས་པའི་མིང་བཏགས། འདི་ལ་བརྟེན་ནས་ཆ་གསུམ་གཏོར་མ་རྒྱས་འབྲིང་གསུམ་དུ་བླ་མ་རྣམས་ཀྱིས་མཛད་ལ། རིགས་དྲུག་དང་ཡི་དྭགས་ཀྱི་གཏོར་མ་སྦྱོང་དཀྱིལ་བཅུ་གཉིས་མ་གཏོགས་གཞན་ལ་མི་དགོས། གཏོར་མའི་རྒྱུ་ནི། གཙུག་དགུའི་རྒྱུད་ལས། འབྲས་ཡོས་བཅས་ཤིང་ཏིལ་དང་བཅས། ཞེས་སོགས་གསུངས་པས་འབྲས་ཆན་ཏེ་གཟའ་བ། མེ་ཏོག་སྲན་མའི་ཆན་དང། སྣུམ་ཁུར་དཀར་གསུམ་མངར་གསུམ་ལ་སོགས་ཀྱི་བཟའ་བ་དང་བཅའ་བ་རྣམས་མང་དུ་བྱས་པའོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:ཆ་གསུམ་གཏོར་མ་
|; |@@@ | | }}