16021

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆ་གསུམ་གཏོར་མ་གཏོང་བའི་གནས་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། གཏོར་མ་གཏོང་བའི་གནས་ནི། རྡོ་རྗེ་འབྱུང་བ་ལས་ཕྱི་རོལ་ཏུ་གཏོར་མ་སྦྱིན་པར་བྱ་གསུངས་པས། དེ་ནི་ཕྱོགས་སྐྱོང་རྣམས་ཀྱི་འཁོར་དུ་གདོན་ཤིན་ཏུ་མང་བར་འོངས་ཏེ། དཔེར་ན་སྟོན་མོ་ཆེན་པོ་ལ་ཁྲོམ་མང་པོ་ཚོགས་པ་ལྟར་དང། རིགས་དྲུག་ཡི་དྭགས་ལ་སོགས་པ་སྒྲུབ་ཁང་གི་ནང་དུ་འོངས་མི་ནུས་པ་དང། ཞུགས་ཀྱང་གསང་སྤྱོད་བལྟ་བར་མི་དབང་བའི་དབང་གིས་སྒྲུབ་ཁང་གི་ཕྱི་རོལ་དུ་གསུངས་པ། དེ་ལྟར་བྱེད་ན་དཀྱིལ་འཁོར་གྱི་བར་ཆད་སྣང་བ་དང་མི་སྣང་བ་སྲུང་བའི་ཕྱིར་སྒྲུབ་པའི་གྲོགས་དཀྱིལ་འཁོར་གྱི་དྲུང་དུ་བཞག་སྟེ། སྤྱི་རྒྱུད་ལས། ཁྲུས་ལ་སོགས་པ་བྱེད་པའི་ཚེ། དཀྱིལ་འཁོར་བལྟ་བ་གཞན་གཞག་སྟེ། །དཀྱིལ་འཁོར་བྲིས་པའི་ཚེ་ན་ནི། །ནམ་ཡང་སྟོང་པར་མི་བཞག་གོ ། ཞེས་གསུངས་པའི་དོན་ནོ། །དེང་སང་ཕྱག་ལེན་ལ་ནང་དུ་གཏོང་བར་མཛད་པ་ལྟར་ན། དཀྱིལ་འཁོར་ལ་ཞལ་ཁེབ་གསོལ་དགོས་གསུངས་པ་གྲུབ་ན་ལེགས། མ་གྲུབ་ན་དཀྱིལ་འཁོར་གྱི་སྲུང་འཁོར་ལེགས་པར་གསལ་བཏབ་ནས་བྱས་ཀྱང་ཆོག་གོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། །
Domain ཆོས་ལུགས།

{{#arraymap:ཆ་གསུམ་གཏོར་མ་གཏོང་བའི་གནས་

|; |@@@ | | }}