16022

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆ་གསུམ་གཏོར་མ་འབུལ་ཡུལ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། གཏོར་མ་འབུལ་ཡུལ་ནི། ཕྱོགས་སྐྱོང་ལ་གསུམ་སྟེ། ཡེ་ཤེས་སྤྲུལ་རྒྱུད་ཀྱི་ཕྱོགས་སྐྱོང་ནི། ཀུན་རིག་རྩ་བའི་དཀྱིལ་འཁོར་གྱི་ཁོར་ཡུག་པ་རྣམས་ཡིན་པས་མི་འབུལ་ཏེ། མགྲོན་གཤེགས་གསོལ་བྱེད་པའི་ཚེ་རས་བྲིས་ཀྱི་རབ་གནས་འཇིག་པ་དང། རྡུལ་ཚོན་ལའང་གཙོ་འཁོར་ཐམས་ཅད་གཤེགས་སུ་གསོལ་བ་ལས་དགོས་པ་མ་གྲུབ་པར་གཤེགས་གསོལ་བྱ་བ་འབྲེལ་མེད། གཉིས་པ་དཀར་ཕྱོགས་སྐྱོང་བ་ནི་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་གསུམ་གྱི་སྲུང་མ་སྟེ་ཕྱོག་འབྱུང་གཏོར་མ་འབུལ་ཡུལ་འདི་ཉིད་དོ། །གསུམ་པ་ནག་ཕྱོགས་བསྐྲད་བྱའི་ཕྱོགས་སྐྱོང་ནི་གང་སྲུང་འཁོར་གྱི་སྐབས་དང། འདིར་བགེགས་གཏོར་འབུལ་ཡུལ་དང། འོག་ཏུ་སྦྱོང་བ་བྱེད་པའི་ཡུལ་རྣམས་སོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། །
Domain ཆོས་ལུགས།

{{#arraymap:ཆ་གསུམ་གཏོར་མ་འབུལ་ཡུལ་

|; |@@@ | | }}