16037

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆ་པ་ཆོས་ཀྱི་སེང་གེ་ (1)
Part of speech མིང་ཚིག
Definition གསང་ཕུའི་མཁན་པོ་མཛད་མཁན་གྱི་ནང་ནས་དབུ་མ་དང་ཚད་མ་ལ་ཤིན་ཏུ་མཁས་པ་ཞིག་ཡིན། རབ་བྱུང་གཉིས་པའི་ས་གླང་ཕྱི་ལོ་ ༡༡༠༩ ལོར་ཕྱྭ་ཞེས་པའི་ཡུལ་ལམ་འགའ་ཤས་ཀྱིས་ཆ་ཡང་ཟེར། རབ་བྱུང་གསུམ་པའི་ས་གླང་ཕྱི་ ༡༡༦༩ ལོར་སྐུ་གཤེགས། དགེ་བཤེས་རྒྱ་དམར་བས་ཕ་མ་ལས་སློང་སྟེ་ཞབས་ཕྱིར་ཁྲིད་ནས་ཁོང་གི་དྲུང་ནས་ཚད་མ་དང་དབུ་མ་གསན་སྦྱོང་གནང༌། ཞང་ཚེ་སྤོང་ཆོས་ཀྱི་བླ་མའི་དྲུང་དུ་རབ་ཏུ་བྱུང་ནས་མཚན་ལ་ཆོས་ཀྱི་སེང་གེ་ཞེས་བཏགས། ཁོང་དང་དེའི་སློབ་མ་ཉང་བྲན་ཆོས་ཀྱི་ཡེ་ཤེས་གཉིས་ཀྱི་དྲུང་དུ་ཕར་ཕྱིན་དང་སྤྱོད་ཕྱོགས་སྐོར་གསན། གསང་ཕུའི་གདན་ས་ལོ་བཅོ་བརྒྱད་ཀྱི་བར་དུ་མཛད། ཕྱྭ་པ་ཆོས་ཀྱི་སེང་གེས་གདན་སའི་སློབ་གཉེར་སྲོལ་གཏོད་གནང་བའི་མཛད་རྗེས་གཙོ་བོ་ནི། ༡ གཞུང་བཀའ་པོད་ལྔའི་སློབ་གཉེར་ཐབས་ལམ་གསར་དུ་གཏོད་པ། ༢ སློབ་རྩོད་གཉིས་དུས་གཅིག་ཏུ་སྤེལ་བའི་ལམ་སྲོལ་གཏོད་པ། ༣དགེ་རྒན་སོ་སོའི་ཁྱད་ཆོས་ལ་གཞིགས་ཏེ་སློབ་ཁྲིད་ཀྱི་ལས་འགན་གཏན་འཁེལ་གནང་ནས་དགེ་རྒན་སོ་སོའི་ཁྱད་ནུས་འདོན་སྤེལ་གང་ལེགས་བྱེད་དུ་བཅུག་པ། ༤ འཛིན་གྲྭ་བགོ་བའི་ལམ་ལུགས་གསར་དུ་གཏོད་ཅིང༌། འཛིན་གྲྭ་སོ་སོའི་སློབ་ཡུན་གྱི་ལོ་ཚད་གཏན་འཁེལ་གནང་བ། ༥ ལོ་གཅིག་གམ་སློབ་དུས་སོ་སོའི་ཆོས་ཐོག་གི་སློབ་ཚན་ནང་དོན་གཏན་འབེབས་གནང་བ། ༦ འཛིན་གྲྭ་ཕན་ཚུན་གཏུགས་རེས་བྱེད་པའི་ཐབས་ལམ་གསར་དུ་གཏོད་པ། ༧ ཆོས་ཐོག་སྐབས་འགྲོ་གླེང་གཙོ་བོ་དང་སློབ་ཁྲིད་ཞར་བྱུང༌། ཆོས་མཚམས་སྐབས་སློབ་ཁྲིད་གཙོ་བོ་དང་བགྲོ་གླེང་ཞར་བྱུང་བྱ་རྒྱུའི་སྲོལ་གཏོད་པ། ༨སློབ་གཉེར་ལེགས་གྲས་རྣམས་རང་མོས་ཐོག་དགོན་པ་གཞན་དང་གྲྭ་ཚང་གཞན་ལ་གྲྭ་སྐོར་དམ་བཅའ་འགྲོ་བའི་སྲོལ་གསར་དུ་གཏོད་པ། ༩ སློབ་གཉེར་ཐོན་པའི་རིགས་ལ་སློབ་གཉེར་གྱི་སྦྱངས་འབྲས་ལེགས་ཉེས་ལ་གཞིགས་ནས་མཚན་གནས་སྤྲོད་པའི་སྲོལ་གཏོད་པ། ༡༠ ཚད་མ་རིག་པའི་གཞུང་རྣམས་ཀྱི་སྙིང་བཅུད་བསྡུས་པའི་(བསྡུས་གྲྭ)ཆུང་འབྲིང་ཆེ་གསུམ་གསར་རྩོམ་མཛད་ཅིང་དེ་ལྟར་སློབ་སྦྱོང་བྱེད་དགོས་རྒྱུའི་གཏན་འབེབས་གནང་བ། ༡༡ མཚན་ཉིད་རྩོད་སྐབས་ཀྱི་དྲི་བ་དྲིས་ལན་འདེབས་ཚུལ་བཅས་གསར་བཏོད་གནང་། སློབ་མའི་གཙོ་བོ་རིགས་པའི་དབང་ཕྱུག་སེང་ཆེན་བརྒྱད་ཡིན། གསུང་རྩོམ་ལ་བྱམས་ཆོས་སྡེ་ལྔའི་འགྲེལ་པ། ཚད་མ་རྣམ་ངེས་ཀྱི་འགྲེལ་པ། ཚད་མ་ཡིད་ཀྱི་མུན་སེལ། ཤེས་བྱ་གཞི་ལྔའི་རྣམ་གཞགརྒྱས་བསྡུས་གཉིས། དབུ་མ་བདེན་གཉིས་ཀྱི་འགྲེལ་པ། དབུ་མ་སྣང་པའི་འགྲེལ་པ། སྤྱོད་འཇུག་ཆེན་མོའི་འགྲེལ་པ་བཅས་མང་དུ་ཡོད།

{{#arraymap:ཆ་པ་ཆོས་ཀྱི་སེང་གེ་

|; |@@@ | | }}