16043

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆ་བ་ཆོས་ཀྱི་སེང་གེ་ (1)
Part of speech མིང་ཚིག
Definition རབ་བྱུང་གཉིས་པའི་ས་གླང་ཕྱི་ལོ་ ༡༡༠༩ ལོར་སྐུ་གཤེགས། རྒྱ་དམར་བ་བྱང་ཆུབ་གྲགས་ལ་སོགས་པའི་བཤེས་གཉེན་རྣམས་བསྟེན། མདོ་སྔགས་རིག་གནས་དང་བཅས་པར་སྦྱངས། གསང་ཕུ་ནེའུ་ཐོག་གི་གདན་སར་ཕེབས། གདན་ས་ལོ་བཅོ་བརྒྱད་རིང་བསྐྱངས། ཚད་མ་རིག་པའི་གཞུང་རྣམས་བསྡུས་ཚན་དུ་བགོས་ནས། སློབ་སྦྱོང་བྱེད་ཚུལ་ལ་བསྡུས་གྲྭ་ཞེས་སྲོལ་གཏོད། མཚན་ཉིད་ཀྱི་སློབ་གཉེར་བ་རྣམས། འཛིན་གྲྭར་བགོས་ཏེ། རྩོད་གླེང་བྱས་ཏེ་རིགས་ལམ་བརྒྱུད་པའི་སློབ་ཁྲིད་གསར་བ་མཛད། མཚན་ཉིད་སློབ་གཉེར་གྱི་འཕེལ་རྒྱས་ལ་སྐུལ་ལྕག་ཆེན་པོ་ཐེབས། བྱེ་བྲག་སྨྲ་བ་དང་། མདོ་སྡེ་པའི་ལུགས་ལ་ཞལ་གྱིས་བཞེད། སློབ་དཔོན་ཟླ་གྲགས་ཀྱི་ལུགས་ལ་སྐྱོན་བརྗོད་མཛད་མཁན་ཞིག་ཡིན། གསང་ཕུའི་གདན་རབས་དྲུག་པ་ཡིན། སློབ་གྲགས་ཆེ་བ་ནི་སེང་ཆེན་བརྒྱད་ནི། གཙང་ནག་པ་བརྩོན་འགྲུས་སེང་གེ་དང་། དན་འབག་པ་སྨྲ་བའི་སེང་གེ། བྲུ་ཤ་བསོད་ནམས་སེང་གེ། རྨ་བྱ་རྩོད་པའི་སེང་གེ། རྩགས་དབང་ཕྱུག་སེང་གེ། ཉང་བྲན་ཆོས་ཀྱི་སེང་གེ། འདན་མ་དཀོན་མཆོག་སེང་གེ། གཉལ་པ་ཡོན་ཏན་སེང་གེ་བཅས་དང་། ཇོ་སྲས་བཞི་ནི། འཁོན་ཇོ་སྲས་རྩེ་མོ་དང་། རྔོག་སྲས་ར་མོ། ཁུ་ཇོ་སྲས་ནེ་ཙོ། གཉོས་ཇོ་སྲས་དཔལ་ལེ་བཅས་དང་། ཤེས་རབ་ཅན་བཞི་ནི། མགར་དབང་གྲུབ་དང་། ཀོང་པོ་འཇག་ཆུང་། ལྷོ་བ་སྒོག་ཟན། བར་ཕུ་བ་བཅས་ཡིན། གསུང་རྩོམ་ནི་བྱམས་ཆོས་སྡེ་ལྔའི་འགྲེལ་བ་དང་། ཚད་མ་རྣམ་ངེས་ཀྱི་འགྲེལ་བ། དབུ་མ་བདེན་གཉིས་ཀྱི་འགྲེལ་བ། དབུ་མ་རྒྱན་གྱི་འགྲེལ་བ། དབུ་མ་སྣང་བའི་འགྲེལ་བ། སྤྱོད་འཇུག་གི་འགྲེལ་བ། ཚད་མ་ཡིད་ཀྱི་མུན་སེལ་རང་འགྲེལ་དང་བཅས། ཚད་མ་ཡིད་ཀྱི་མུན་སེལ་རྐྱང་པ་བཅས་མང་དུ་བཞུགས།
Synonyms ཕྱཱ་བ་ཆོས་ཀྱི་སེང་གེ།

{{#arraymap:ཆ་བ་ཆོས་ཀྱི་སེང་གེ་

|; |@@@ | | }}