From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཆ་མ་ཡིན་ (1)
| Part of speech
|
མིང་ཚིག
|
| Definition
|
འོས་མ་ཡིན་ཞེས་པའི་དོན་ཏེ། འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད་ལས། ཆ་མ་ཡིན་ནི་འོས་མ་ཡིན་ཞེས་གསུངས།
|
| Example
|
འདུལ་བ་ལས། བུད་མེད་དང་ལྷན་ཅིག་དཀའ་ཐུབ་ཀྱིས་ནགས་སུ་འདུག་པ་ནི་ཆ་མ་ཡིན་ནོ། །ཞེས་གསུངས་པ་ལྟ་བུ།
|
ཆ་མ་ཡིན་ (2)
| Part of speech
|
མིང་ཚིག
|
| Definition
|
ཆ་མ་ཡིན་ཞེས་པའི་མ་ཡིག་གི་མིང་གི་ཆ་ཤས་ལ་གོ་ཞིང་ཆ་འགྲིག་གམ་ཟུང་འབྲེལ་ཡིན་པའི་དོན་ཏེ།
|
| Example
|
ངའི་དཀར་ཡོལ་འབྲུག་རིས་ཆ་མ་ཡིན། །ཆང་བདུད་རྩི་འཐུང་ན་མཉམ་པོར་འཐུང་། །ལྟ་བུ།
|
ཆ་མ་ཡིན་ (1)
| Part of speech
|
རྒྱན་ཚིག
|
| Definition
|
ཆ་མ་ཡིན་ཞེས་པའི་མ་ཡིག་དགག་སྒྲའི་འཕྲད་དུ་འཇུག་སྐབས་ཡ་སྟེ་ཆ་ཡི་ལྡོག་ཕྱོགས་ལ་གོ་སྟེ།
|
| Example
|
དཀར་ནག་གཉིས་ཀ་ཆ་མ་ཡིན། །ལྷ་འདྲེ་གཉིས་ཀ་མཐུན་པ་མིན། །ལྟ་བུ།
|