16066

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆ་མཐུན་སྦྱོར་བའི་སྤྱོད་པ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ནས་བསྟན་པའི་གཞན་དོན་མཛད་པའི་ཐབས་ཀུན་བསྡུས་ནས་གདུལ་བྱ་དང་མཐུན་པར་འཇུག་པའི་གཞན་དོན་ཐབས་ཀྱི་སྤྱོད་པ་གསུམ་གྱི་ཡ་གྱལ་ཞིག་སྟེ། དེ་ནི་གདུལ་བྱ་གསུམ་ལས་མཚན་མ་ཅན་གྱི་གདུལ་བྱའི་གཉེན་པོ་ཡིན། གདུལ་བྱ་གཞན་དང་སྤྱོད་ཚུལ་ཆ་འདྲ་བ་ལ་བརྟེན་ནས་མཐར་ཡང་དག་པའི་དོན་ལ་སྦྱོར་བའི་ཕྱིར་ཆ་མཐུན་སྦྱོར་བའི་སྤྱོད་པ་ཞེས་བྱ། དེའི་དོན་མདོ་འགྲེལ་མུན་པའི་གོ་ཆ་ལས། ཐོག་མར་ཆ་མཐུན་སྦྱོར་བའི་སྒོ་ནས་སུ་ཞིག་འགྲོ་དོན་བྱེད་པའང་ཇི་ལྟ་བུ་ཞེ་ན། འགྲོ་བ་གང་ཞིག་མཚན་མ་ཅན་དུ་སྤྱོད་པས་ལོག་པར་འགྲོ་ངེས་པ་ལ། རྣལ་འབྱོར་དམ་པས་ཀྱང་ཁོའི་སྤྱོད་པ་དང་མཐུན་པར་སྤྱད་དེ། ཐབས་ཡོངས་ཀྱིས་མཚན་མ་ཅན་དེ་དང་ཆ་མཐུན་པའི་སྤྱོད་པས་བསྟེན་ཅིང་བྲིད་ནས་འགྲོ་བ་དེ་ཡང་དག་པའི་དོན་ལ་འགྱུར་བར་བྱ། སེམས་ཅན་དེ་དག་དམ་པའི་དོན་ལ་གཟུད་པའི་ཆེད་དུ། གདུལ་བྱ་དེ་རྣམས་དང་བདག་གིས་མཐུན་པའི་སྤྱོད་པ་སྤྱད་པས་བྱིས་པའི་ཡིད་ཀུན་ཁ་དྲངས་ཏེ་མ་ནོར་བའི་དོན་ལ་བཙུད་ལ་དེ་ལས་མི་ལྡོག་པའི་ནན་ཏན་བྱའོ། །ཞེས་དང་། གཟི་ལྡན་འཆར་ཁའི་འོད་སྣང་ལས། གདུལ་བྱ་གང་གི་བསམ་པའི་མོས་ཕྱོགས་དང་འཚམས་པར་ཡིད་འཕྲོག་ནས་རང་དབང་མེད་པར་འཇུག་པའི་ཆ་མཐུན་གྱི་སྤྱོད་པས་དགའ་བར་བྱས་ཏེ་ཐབས་ལ་མཁས་པས་འདྲེན་ཅིང་དོན་ལ་འཇུག་པ་ཡང༌། ཁོའི་འདོད་ཕྱོགས་ཇི་ལྟར་ཡིན་པ་དེ་ལྟར་དེ་དག་གི་ཡིད་དུ་འོང་བའི་སྤྱོད་པ་དེ་ཁོ་ན་ལ་སྤྱོད་དུ་བཅུག་ནས་དེས་ཆུད་མ་གསན་པར་གསང་ཆེན་ངེས་པའི་དོན་ལ་ནན་ཏན་དུ་སྦྱོར་བའི་ཐབས་ཀྱིས་རྗེས་སུ་འཛིན་པ་ཉིད་ནི་ཆ་མཐུན་གྱི་སྤྱོད་པ་དེ་ཡིས་གདུལ་བྱ་དོན་ལ་སྦྱོར་བར་བྱ་བ་ཉིད་དོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཆ་མཐུན་སྦྱོར་བའི་སྤྱོད་པ་

|; |@@@ | | }}