16086
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཕྲོམ་གྱི་སྐད་ལས་བྱུང་བར་བཤད་ལ། ཤིང་བེ་དོ་ནག་པོའི་ཁྲག་སྟེ་ར་ཁྲག་སྐམ་པ་འདྲ་བ་ཡིན་ལ། ཤིང་དེའི་འབྲས་བུ་མགོ་ཞབས་མེད་པའི་བུམ་པ་འདྲ་བ་ཤུན་པ་དཀར་པོ་ཐེའུ་ཆུང་རྩེ་མོ་ཙམ་ཡོད་པ་དེས་ཚབ་རུང་ངོ་། ཤེལ་གོང་ཕྲེང་ལས། མོན་ཆ་ར་ཡིས་ཚ་གྲང་འཁྲུ་བ་གཅོད། །ཅེས་པ་ཤིང་བེ་ནག་རྒན་པོ་ལས་བབ་པའི་ཚི་ཁུ་ཁྲག་འདྲ་བ་སྟེ། འདྲ་ཡིག་ལས། མོན་ཆ་ར་ནི་ཁྲག་ཕྱེ་སྐམ་པོ་འདྲ། །ཞེས་གསུངས། བེ་འབྲས་ཀྱང་ཁྱད་མེད་དེ། །རང་བྱུང་རྡོ་རྗེས། བེ་ནག་འབྲས་བུ་མོན་ཆ་ར། །འཁྲུ་བ་གཅོད་པའི་མཆོག་ཡིན་ནོ། །ཞེས་གསུངས། མོན་ཆ་ར་ཞེས་པ་ཕྲོམ་གྱི་སྐད་ཡིན། མིང་གཞན། ཤལྨ་ལི། བྷ་རེ་རམ། མེ་ར་ཙ་ལི། འགྲམ་གཅོད། འཁྲུ་གཅོད་རྣམས་ཟེར་རོ། ། |
{{#arraymap:ཆ་ར་
|; |@@@ | | }}