16095

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆ་ལ་རྟེན་པའི་ཉེས་བྱས་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། པཎ་ཆེན་འདུལ་བ་ལས། ཆ་ལ་རྟེན་པའི་ཉེས་བྱས་ཀྱང་ཡོད་དེ། ལག་ཉ། མཚམས་བཙོས། ཞག་ལོན། དགེ་སློང་གིས་བཙོས་པའི་ཉེས་བྱས་སོགས་ཡིན་པའི་ཕྱིར། དེ་རྣམས་ལ་ཆ་ལ་རྟེན་པ་ཞེས་བྱ་སྟེ། ཊཱིཀྐ་ལས་དེ་དག་ནི་གསོག་འཇོག་བྱེད་པའི་ཆ་ལ་བརྟེན་པ་ཡིན་པའི་ཕྱིར། ཞེས་གསུངས་པ་ལྟར་གསོག་འཇོག་དང་། དེ་རྣམས་བསྐྱེད་པའི་རྒྱུ་ཆ་འདྲ་བའི་ཆ་ནས་ཡིན་པའི་ཕྱིར་ཏེ། གསོག་འཇོག་བྱས་པ་ཟ་བའི་ལྟུང་བའི་རྒྱུར་རང་ངམ། རང་དང་འདྲ་བས་གསོག་འཇོག་ཏུ་བྱས་པ་ཡན་ལག་ཏུ་དགོས་པ་ལྟར་དུ་ལག་ཉར་བླངས་པ་ཟ་བའི་ཉེས་པའི་རྒྱུར་ཡང་རང་ངམ། རང་དང་འདྲ་བའི་ལག་ཉར་བླངས་པ་དགོས་པའི་ཕྱིར། ཞིབ་མོར་ཕྱེ་ན་ཆ་ལ་བརྟེན་པའི་ཉེས་པ་བརྒྱད་དུ་ཡང་འགྱུར་ཏེ། ལག་ཉ་སོགས་ཀྱི་ཉེས་པ་བཞི་དང་། དེ་དང་ཟ་བའི་ཉེས་པ་བཞི་རྣམས་ཡོད་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཆ་ལ་རྟེན་པའི་ཉེས་བྱས་

|; |@@@ | | }}