From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཆ་ཤས་འཁོར་ལོ་ (1)
| Part of speech
|
མིང་ཚིག
|
| Definition
|
རིལ་ཆ་ཞེས་པའི་ཆ་ཤས་དེའི་འཁོར་ལོའམ་གྲངས་ཀ་ལོངས་ཚད་དེ། བརྒྱ་དང་ཉེར་དྲུག་ལོངས་པ་དེ་ཡིན་ལ། རིགས་ལྡན་སྙིང་ཐིག་ལས། དུས་ཁྱིམ་ཐོབ་པ་སྟེང་མར་བསྲེ། །ཞེས་བྱུང་།
|
| Domain
|
རྩིས་རིག
|
ཆ་ཤས་འཁོར་ལོ་ (2)
| Part of speech
|
མིང་ཚིག
|
| Definition
|
དབུགས་གཅིག་གི་ཡུན་ཚད་ལ་ཆ་དུ་མར་ཕྱེས་པའི་གནས་ལ་གྲངས་ལོངས་ཚད་ཅིག་སྟེ།
|
| Example
|
གཟའ་དྷྲུའི་སྐབས་སུ་དབུགས་གཅིག་དེ་རི་མཁའ་རིའི་ཆར་ཕྱེས་པ་དང་། ཉི་དྷྲུའི་སྐབས་སུ་དབུགས་གཅིག་དེ་རི་རོའི་ཆར་ཕྱེས་པ་ལྟ་བུའོ། །
|