From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཆག་ (1)
| Part of speech
|
མིང་ཚིག
|
| Definition
|
བོད་ཀྱི་རུས་རྒྱུད་ཀྱི་མིང་ཞིག་སྟེ། མཁས་པའི་དགའ་སྟོན་ལས། ནམ་ར་ཆག་གོང་འབྲིང་དང་ཆག་གི་ཡུལ། །ཞེས་བྱུང་ལ། ལོ་ཙཱ་བ་ཆག་དགྲ་བཅོམ་དང་། ཆག་ཆོས་རྗེ་དཔལ་སོགས་སྐད་གྲགས་ཅན་གྱི་མཁས་པ་འདི་དག་གི་གདུང་རུས་ལ་ཡང་ཆག་ཅེས་གྲག
|
ཆག་ (2)
| Part of speech
|
མིང་ཚིག
|
| Definition
|
ནས་སྲན་ཧྲལ་བཏགས་ཀྱི་ཆག་སྟེ།
|
| Example
|
གཟན་ཆག་གིས་རྟ་གསོས་ལྟ་བུ།
|
ཆག་ (3)
| Part of speech
|
མིང་ཚིག
|
| Definition
|
ལུས་ཚད་འཇལ་བྱེད་སོར་མོ་བཞིའི་ཞེང་ཚད།
|
ཆག་ (4)
| Part of speech
|
མིང་ཚིག
|
| Definition
|
ཆག་ཅེས་པ་རྐང་པར་འཇུག་སྟེ།
|
| Example
|
ཕྱགས་ཕེབས་ཞེས་པར་ཆག་ཕེབས་དང༌། ཕྱགས་ཕྱི་ཞེས་པར་ཆག་ཕྱི་ཞེས་མི་ལ་རས་པའི་རྣམ་ཐར་ལས་བྱུང་བས་སོ། །
|
| Type
|
བརྡ་རྙིང་།
|
ཆག་ (5)
| Part of speech
|
མིང་ཚིག
|
| Definition
|
རྩ་ལྟ་སྐབས་སྨན་པའི་ལག་པའི་སྲིན་མཛུབ་ཀྱི་མིང་ཡིན། བརྡ་ཡིག་རེག་གཟིགས་གསར་བའི་ཉེར་མཁོ་ལས། ཆག་ཅེས་བྱ་བ་སྲིན་ལག་མིང༌། །ཞེས་གསུངས།
|
| Domain
|
གསོ་རིག
|
ཆག་ (1)
| Part of speech
|
རྒྱན་ཚིག
|
| Definition
|
སྐྱོན་ཆ་ཤོར་བའི་ཅ་དངོས་ཀྱི་ཆག་པོ་ཡི་ཚིག་བསྡུས་པ།
|
ཆག་ (1)
| Part of speech
|
བྱ་ཚིག
|
| Definition
|
འཆག་གི་འདས་པ།
|
| Transitive
|
བྱ་བྱེད་ཐ་མི་དད་པ།
|
| Future
|
[འཆག]
|
| Present
|
[འཆག]
|
| Past
|
[ཆག]
|