16147

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆག་ནང་དགོན་གྲུ་འཛིན་འཕགས་མཆོག་གླིང་ (1)
Part of speech མིང་ཚིག
Definition ཆག་ནང་དགོན་གྲུ་འཛིན་འཕགས་མཆོག་གླིང༌། མདོ་སྨད་མཛོད་དགེ་ཚོང་རུ་ཡུལ་ཚོའི་ཁོངས་སུ་ཡོད། ཆོས་བརྒྱུད་དགེ་ལུགས། ཕྱི་ལོ་ ༡༤༣༣ ལོར་འདུལ་བ་འཛིན་པ་ཆེན་པོ་དགེ་སློང་ཡོན་ཏན་རྒྱ་མཚོ་སོགས་ཀྱིས་སྡེ་འདིའི་རྨང་གཞི་བསམ་གཏན་རི་ཁྲོད་ཕྱག་བཏབ། ཕྱི་ལོ་ ༡༧༣༩ ལོར་སྐྱབས་མགོན་ཀིརྟི་སྐུ་ཕྲེང་ལྔ་པ་གྲུབ་དབང་བསྟན་པའི་རྒྱལ་མཚན་གྱིས་དགོན་པར་བསྒྱུར་ཏེ་གཞི་གསུམ་གྱི་ཉམས་ལེན་གསར་འཛུགས་མཛད། ཕྱི་ལོ་ ༡༩༥༠ གོང་གྲྭ་གྲངས་ ༧༠ ཙམ་བཞུགས། མཚན་གཞན་ལ། ཆག་ནང་དགོན་འཕགས་མཆོག་གྲུ་འཛིན་གླིང༌། ཆག་ནང་དགོན་ཕུན་ཚོགས་བཀྲ་ཤིས་འཁྱིལ་བའི་གླིང༌། ཆགས་རོང་དགོན།

{{#arraymap:ཆག་ནང་དགོན་གྲུ་འཛིན་འཕགས་མཆོག་གླིང་

|; |@@@ | | }}