16148

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆག་པ་ (1)
Part of speech མིང་ཚིག
Definition ཅ་དངོས་གང་ཞིག་དུམ་བུ་དང་སིལ་བུར་སོང་བའི་དོན་ཏེ།
Example ཅ་ནེ་ཆག་པ་ཞེས་དང་། ཐུར་མ་ཆག་པ་ཞེས་པ་ལྟ་བུ།
ཆག་པ་ (2)
Part of speech མིང་ཚིག
Definition རྒྱུན་ལྡན་གྱི་ལས་ཀ་མཚམས་ཆད་པའི་དོན་ཏེ།
Example རྒྱུན་གྱི་ཞལ་འདོན་ཆག་པ་ལ་བློ་འགྱོད་སྐྱེས། ནམ་ཡང་སློབ་སྦྱོང་ཆག་པ་ནི་གྱོང་ཡིན་ལྟ་བུ།
ཆག་པ་ (3)
Part of speech མིང་ཚིག
Definition ཆུན་པོའམ་ཕོན་པོའི་དོན་ཏེ།
Example མེ་ཏོག་ཆག་པ་ཞིག་སྐྱེས་སུ་འབྱོར་བའི་ལན་དུ་སྤོས་ཆག་པ་ཞིག་ཕུལ་ལྟ་བུ།