16163

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆག་ལོ་ཆོས་རྗེ་དཔལ་ (1)
Part of speech མིང་ཚིག
Definition རབ་བྱུང་གསུམ་པའི་མེ་སྦྲུལ་ཕྱི་ལོ་ ༡༡༩༧ ལོར་ཡབ་སློབ་དཔོན་ཆོས་ཀྱི་འབྱུང་གནས་དང་། ཡུམ་ཆོས་འབུམ་གཉིས་ཀྱི་སྲས་སུ་འཁྲུངས། བདུན་པར་རྒྱ་བོད་ཀྱི་ཡི་གེའི་སྦྱོར་ཀློག་ལ་བསླབས། བཅུ་གཅིག་ནས་ཉི་ཤུའི་བར་དུ་ཆག་ལོ་དགྲ་བཅོམ་བསྟེན། སྔགས་ཀྱི་གདམས་ངག་མང་དུ་ཞུས། སེམས་བསྐྱེད་ཀྱང་ལམ་ལྔ་ཞུས། བཅོ་ལྔ་པར་མི་གཡོ་བའི་བསྙེན་པ་འབུམ་ཚོ་རྩ་དྲུག་བསྒྲུབས། ཞལ་ཡང་གཟིགས། སེ་ལོ་དང་། ཁྲོ་ལོ། མྱང་སྟོད་ལོ་ཙཱ་བ། གྲོ་སྟོན་བདུད་རྩི་གྲགས་སོགས་བཤེས་གཉེན་དུ་བསྟེན། གུང་ཐང་ལྷ་བཙུན་པ་མགོན་པོ་དཔལ་ལས་མངོན་པ་ཀུན་བཏུས་དང་། འཕགས་སྐོར་རྔོག་ལུགས་རྣམས་གསན། བལ་ཡུལ་དུ་ཕེབས། པཎྜི་ཏ་ཆེན་པོ་རེ་བེནྡྲ་བ་བསྟེན། འཕགས་སྐོར་དང་། རྡོ་རྗེ་ཕྲེང་བ། མདོ་རྒྱུད་རྟོགས་པ་བསྡུས་པ་སོགས་ལ་གསན། ལོ་བརྒྱད་ལ་བཞུགས། རྒྱ་གར་དུ་ཕེབས། ཏི་ར་ཧུ་ཏི་དང་། ཡངས་པ་ཅན། རྡོ་རྗེ་གདན་བཅས་ཕེབས། སློབ་དཔོན་རཱ་ཧུ་ལ་སོགས་བསྟེན། བོད་དུ་ཕེབས། པཎ་ཆེན་བཅུ་གཉིས་དང་། བོད་ཀྱི་ལོ་ཙཱ་བ་བཞི། མཁས་བཙུན་ཉི་ཤུ་རྩ་གཅིག་བཅས་བསྟེན། ཆོས་མདོ་སྔགས་མང་དུ་གསན། ས་སྐྱ་པཎ་ཆེན་གྱིས་ལོ་ཙཱ་བ་རིན་ཆེན་བཟང་པོའི་འོག་ན་ལོ་ཙཱ་བ་ཁྱེད་མཁས་ཞེས་བསྔགས་བརྗོད་མཛད། ནག་ཚོ་ལོ་ཙཱ་བ་གདན་སའི་ཐོག་ཏུའང་ནན་གྱིས་ཞུ་བ་ཕུལ་བས་ལོ་བཞིར་བཞུགས། དྲུག་ཅུ་རྩ་གཉིས་པར་ཐང་པོ་ཆེར་ཕེབས། ཡར་ཀླུང་ཕྱོགས་སུ་བྱོན། ས་སྐྱར་གདན་དྲངས། ཤར་བ་ཡེ་ཤེས་རྒྱལ་མཚན་དང་། དཔོན་ཆེན་ཀུན་དགའ་བཟང་པོས་བླ་མར་བཀུར། ཚོགས་དཔོན་མཛད། ཆོས་ཀྱང་མང་དུ་གསུངས། རྟེའུ་རར་ཕེབས། རབ་བྱུང་བཞི་པའི་ཤིང་བྱི་ཕྱི་ལོ་ ༡༢༦༤ ལོར་རྟེའུ་རར་སྐུ་གཤེགས། བསྒྱུར་རྩོམ་ནི་བཀའ་འགྱུར་ལས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོར་བའི་སྙིང་པོའི་གཟུངས་དང་། བསྟན་འགྱུར་ལས་འཕགས་པ་མཚན་ཡང་དག་པར་བརྗོད་པའི་མདོར་བཤད་བདུད་རྩིའི་ཐིགས་པ། དཔལ་བདེ་མཆོག་ཕྱག་གཉིས་པའི་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས། དཔལ་རྡོ་རྗེ་མཁའ་འགྲོའི་བསྟོད་པ་རྒྱུན་ཆགས། རང་བྱིན་གྱིས་བརླབས་པའི་མན་ངག ལས་ཀྱི་མཐའ་རྣམ་པར་འབྱེད་པ། གཤིན་རྗེ་མཐར་བྱེད་དམར་པོའི་སྒྲུབ་ཐབས། གཤིིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས་ཆོ་ག ཨ་ར་པ་ཙ་ནའི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། སྦྱིན་སྲེག་གི་ཆོ་ག་འོད་ཀྱི་སྙེ་མ་བཅས་མང་དུ་བཞུགས།

{{#arraymap:ཆག་ལོ་ཆོས་རྗེ་དཔལ་

|; |@@@ | | }}