16164
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྒྲ་བསྒྱུར་བཅས་ལ་གསན། ཆོས་སྐྱོང་ཕྱག་བཞི་པ་ཞུས། མཁན་པོ་དར་མ་བརྩོན་འགྲུས་སོགས་ལས་བསྙེན་པར་རྫོགས། བཤེས་གཉེན་ཤཱཀྱ་གྲུབ་དང་། གཙང་དཀར་བ། ཅོག་གྲུ་ལོ་ཙཱ་བ་མྱང་ངན་མེད་པའི་དཔལ། ཞང་ལོ་ཙཱ་བ་སོགས་བོད་ཀྱི་བླ་མ་བཅོ་ལྔ་ཙམ་བསྟེན། མདོ་སྔགས་རིག་གནས་དང་བཅས་པར་དཔྱིས་ཕྱིན་པར་མཛད། རྒྱ་གར་དུ་བྱོན། མཻ་ཏྲི་ཙནྡྲ་སོགས་སློབ་དཔོན་མང་དུ་བསྟེན། བོད་དུ་ཕེབས། ཡོན་བདག་རྣམས་ཀྱིས་ཆུ་མིག་དང་། རྒྱལ་ལྷ་ཁང་། ཐང་པོ་ཆེ་ལ་སོགས་པ་འབུལ་དུ་བྱུང་། སྔར་གྱི་གདན་ས་སྟོང་པ་སྐྱར་གསོ་མཛད། ཤུདྡྷ་ཤྲཱི་སྤྱན་དྲངས། རྒྱལ་བའི་ལམ་འདུག་ལ་སོགས་པ་བསྒྱུར། ཤཱཀྱ་ཤྲཱི་དང་། ཐམས་ཅད་མཁྱེན་པའི་དཔལ། རཏྣ་ཤྲཱི་སོགས་བསྟེན། འགྱུར་མང་དུ་མཛད། རེ་བཞི་པ་རབ་བྱུང་བཞི་པའི་མེ་བྱི་ཕྱི་ལོ་ ༡༢༡༦ ལོར་རྟེའུ་རར་སྐུ་གཤེགས། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་དང་། བྱང་ཆུབ་གཞུང་ལམ། རྒྱལ་བའི་ལམ་ལ་འཇུག་པ། བྱང་ཆུབ་སེམས་དཔའི་སྡོམ་པ་བཟུང་བའི་ཆོ་ག ལས་དང་པོ་བའི་ཚོགས་སོག་བྱ་བའི་རིམ་པ་མདོར་བསྡུས་པ་བཅས་བཞུགས། |
Domain | སྒྲ་རིག་པ། |
{{#arraymap:ཆག་ལོ་དགྲ་བཅོམ་
|; |@@@ | | }}