From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཆགས་པ་ (1)
| Part of speech
|
མིང་ཚིག
|
| Definition
|
ཅ་དངོས་སོགས་རང་ཡོད་གཞན་ལ་གཏོང་མི་ནུས་ཤིང་གཞན་ཡོད་རང་ལ་དགོས་པའི་འདོད་པ།
|
| Example
|
བྱེའུ་ཚང་ལ་ཆགས་པ། ཕོ་ངན་ཁྱིམ་ལ་ཆགས་པ་ལྟ་བུ།
|
ཆགས་པ་ (2)
| Part of speech
|
མིང་ཚིག
|
| Definition
|
གནས་བཅས་པའམ་འཇགས་པའི་དོན་ཏེ།
|
| Example
|
ང་ཚོ་མི་ཡུལ་དུ་གཞིས་ཆགས་པ་ཡིན་ཡང་། ལྷིང་ཆགས་པའི་འཚོ་བ་ལ་རོལ་ཐུབ་པ་བྱུང་ལྟ་བུ།
|
ཆགས་པ་ (3)
| Part of speech
|
མིང་ཚིག
|
| Definition
|
འབྲེལ་བ་བྱུང་བའི་དོན་ཏེ།
|
| Example
|
གྲོགས་པོ་ཕན་ཚུན་དབར་ལ་འབྲེལ་བ་ཡག་པོ་ཆགས་པ་འཆམ་མཐུན་གྱི་རྩ་བ་ཡིན་ལྟ་བུ།
|
ཆགས་པ་ (4)
| Part of speech
|
མིང་ཚིག
|
| Definition
|
གྲུབ་པའི་དོན་ཏེ།
|
| Example
|
སྙེ་མར་འབྲས་བུ་ཆགས་པ་ནི་སྟོན་གྱི་དུས་ཡིན་ལྟ་བུ།
|
ཆགས་པ་ (5)
| Part of speech
|
མིང་ཚིག
|
| Definition
|
འདོད་ཆགས་ཀྱི་མིང་སྟེ།
|
| Example
|
ཆགས་པ་ཅན་ཡིད་ཚིམས་པ་ཧ་ཅང་དཀའ་ལྟ་བུ།
|