16192

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆགས་པའི་བསྐལ་པ་ (1)
Part of speech མིང་ཚིག
Definition བསྐལ་པ་བཞིའི་ཡ་གྱལ། འཇིག་རྟེན་སྟོང་པའི་གནས་སྐབས་རྫོགས་པ་ནས་གནས་པའི་བསྐལ་པ་ལ་ཐུག་པའི་བར་གྱི་ཡུན་ཚད་དེ། དང་པོའི་རླུང་ནས་གཟུང་ནས་ནི་དམྱལ་བའི་གནས་མནར་མེད་དུ་སེམས་ཅན་གཅིག་སྲིད་པའི་བར་དུའོ། །དེ་ཡང་སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་ནམ་མཁའ་ལ་སྣོད་རྣམས་ཀྱི་སྔ་ལྟས་སུ་རླུང་འཇམ་པོ་དག་ལྡང་། དེ་ནས་རླུང་དེ་དག་སྐྱེ་བ་ན་རླུང་གི་དཀྱིལ་འཁོར་གྲུབ་པ་ཡིན་ལ། དེ་ནས་ཆུ་ནས་རི་རབ་ཀྱི་བར་དང་། དང་པོར་ཚངས་པའི་གཞལ་མེད་ཁང་། དེ་ནས་འཐབ་བྲལ་བའི་བར་གྲུབ་པས་སྣོད་ཀྱི་འཇིག་རྟེན་གྲུབ་པའི་རིམ་པ་ཡིན་ནོ། །སེམས་ཅན་གང་དག་གཅིག་འོད་གསལ་ནས་ཤི་འཕོས་ནས་ཚངས་པ་ཆེན་པོ། དེ་ནས་རིམ་གྱིས་མནར་མེད་ཀྱི་དམྱལ་བར་སེམས་ཅན་གཅིག་སྐྱེ་བའི་བར་ནི་བཅུད་ཀྱི་སེམས་ཅན་གྲུབ་པའི་རིམ་པའོ། །དེ་ལྟར་འཇིག་རྟེན་ཆགས་པ་འདི་ཡང་བར་གྱི་བསྐལ་པ་ཉི་ཤུར་གནས་སོ། །
Domain ཆོས་ལུགས།

{{#arraymap:ཆགས་པའི་བསྐལ་པ་

|; |@@@ | | }}