16205

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆགས་བསྐལ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཆགས་པའི་བསྐལ་པ་ཡོད་དེ། ཚངས་པའམ་འོད་གསལ་བའི་རླུང་གི་དཀྱིལ་འཁོར་ཆགས་པ་ནས་མནར་མེད་དུ་སེམས་ཅན་གཅིག་གསར་དུ་སྐྱེ་བའི་བར་གྱི་བསྐལ་པ་དེ་དེ་ཡིན་པའི་ཕྱིར། དེའི་ཡུན་ལ་ཡང་བར་བསྐལ་ཉི་ཤུ་ཡོད་དེ། དེ་དག་གི་ཆགས་ཚུལ་ཡོད་དེ། གང་མཇུག་ཏུ་ཞིག་པ་དེ་ཆགས་པའི་ཚེ་དང་པོར་ཆགས་པ་ཆོས་ཉིད་ཡིན་པས་སྣོད་སྔ་མ་མེས་ཞིག་པ་ཡིན་ན་དང་པོར་ཚངས་པའི་གཞལ་མེད་ཁང་ཆགས། དེ་ནས་རིམ་པ་བཞིན་དུ་གཞན་འཕྲུལ་དབང་བྱེད་ནས་མཐའ་བྲལ་བའི་གཞལ་མེད་ཁང་གི་བར་ཆགས། དེ་རྗེས་འོག་གཞི་རླུང་གི་དཀྱིལ་འཁོར་ཆགས། དེའི་སྟེང་དུ་ཆུའི་དཀྱིལ་འཁོར་སོགས་སྔར་བཤད་པ་ལྟར་ཆགས་སོ། དེའི་ཡུན་ལ་བར་བསྐལ་གཅིག་གོ དེ་ནས་འོད་གསལ་བའི་ལྷ་འགའ་ཞིག་ཤི་ནས་ཚངས་ཆེན་པའི་གཞལ་མེད་ཁང་སྟོང་པར་སྐྱེས། དེ་ལ་ཚངས་པ་ཆེན་པོ་ཞེས་བྱ། དེ་བཞིན་དུ་གཞན་འགའ་ཞིག་ཀྱང་དེ་ནས་ཤི་འཕོས་གཞན་འཕྲུལ་དབང་བྱེད་ནས་རྒྱལ་ཆེན་རིགས་བཞི་པའི་བར་གྱི་ལྷ་རྣམས་དང་། བྱང་དང་ནུབ་དང་ཤར་དང་ལྷོའི་མི་རྣམས་དང་། དུད་འགྲོ་རྣམས་དང་། ཡི་དྭགས་རྣམས་དང་དམྱལ་བ་དག་ཀྱང་སྐྱེ་སྟེ། དེའི་ཚེ་ཆགས་པའི་མཇུག་རྫོགས་ཤིང་གནས་པའི་མགོ་རྩོམ་པ་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:ཆགས་བསྐལ་

|; |@@@ | | }}