16208
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མི་ཕམ་མཁས་པའི་ཚུལ་ལ་འཇུག་པའི་སྒོ་ལས་བྱུང་བ་སྟེ། སྡུག་བསྔལ་དང་དེའི་གནས་ལ་རང་བཞིན་གྱིས་ཆགས་བྲལ། འཁྲིག་ཞུགས་གདུང་བ་བྲལ་བ་ལྟ་བུ་གནོད་པས་ཆགས་བྲལ། འགྲངས་པས་ཟས་ཞིམ་མི་འདོད་པ་ལྟ་བུ་ཉེ་བར་བསྟན་པ་ཆགས་བྲལ། བཟང་པོ་རྙེད་པས་ངན་པ་མི་འདོད་པ་ལྟ་བུ་ཕུལ་དུ་བྱུང་བས་ཆགས་བྲལ། བྱིས་པ་རྣམས་མྱང་འདས་མི་འདོད་པ་རྨོངས་པས་ཆགས་བྲལ། འདས་དང་མ་འདས་ལམ་གྱི་ཉོན་མོངས་སྤོང་བ་གཉེན་པོས་ཆགས་བྲལ། མཐོང་ལམ་ཐོབ་ནས་ཁམས་གསུམ་མི་འདོད་པ་ཡོངས་སུ་ཤེས་པས་ཆགས་བྲལ། ས་ནས་སར་ཉོན་མོངས་རྣམས་སྤོང་བ་སྤོང་བས་ཆགས་བྲལ། འཇིག་རྟེན་པ་དང་ཉན་རང་གི་ཆགས་བྲལ་གོང་མར་བཅས་པའི་ཆགས་བྲལ། སངས་རྒྱས་བྱང་སེམས་ཀྱི་ཆགས་བྲལ་གོང་ན་མེད་པའི་ཆགས་བྲལ་ལོ། ། |
Domain | ཆོས་ལུགས། |
{{#arraymap:ཆགས་བྲལ་རྣམ་གྲངས་བཅུ་
|; |@@@ | | }}