16215
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མཚན་ཉིད་ནི། མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་དྲུག་པ་སྤངས་པའི་ཉན་ཐོས་འབྲས་གནས་གང་ཞིག། འདོད་ཉོན་དགུ་པ་སྤོང་བར་འགྱུར་བའོ། །དབྱེ་བ་ལ་གསུམ་ལས། སྤངས་པའི་སྒོ་ནས་དབྱེ་ན། མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་དྲུག་པ་སྤངས་པ་དང། བདུན་པ་དང། བརྒྱད་པ་སྤངས་པའི་འབྲས་གནས་གསུམ་མཐོང་ལམ་གྱི་རྗེས་སུ་བདུན་པ་དང། བརྒྱད་པ་སྤངས་པ་གཉིས་ཏེ་ལྔའོ། །རྟོགས་པའི་སྒོ་ནས་དབྱེ་ན། བཅུ་དྲུག་པའི་རྟོགས་པ་ལ་གནས་པ། དེའི་རྗེས་ཐོབ་ལ་གནས་པ། འདོད་ཉོན་བདུན་པ་སྤོང་པའི་སྦྱོར་བའི་ལམ། བར་ཆད་མེད་པའི་ལམ། རྣམ་པར་གྲོལ་བའི་ལམ། དེའི་རྗེས་ཐོབ་ལ་གནས་པ་སྟེ་བཞི། འདོད་ཉོན་བརྒྱད་པ་ལ་ཡང་དེ་བཞིན་དུ་བཞི། དགུ་པ་སྤོང་བའི་སྦྱོར་བའི་ལམ། བར་ཆད་མེད་པའི་ལམ་ལ་གནས་པ་གཉིས་ཏེ་བཅུ་གཉིས་སོ། །དབང་པོའི་སྒོ་ནས་དབྱེ་ན། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་འབྲས་གནས་དད་པས་མོས་པ་དང། མཐོང་བས་ཐོབ་པ་གཉིས། མཚན་ཉིད་རིམ་བཞིན། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་འབྲས་གནས་གང་ཞིག། དད་པ་ལྷག་པས་གཞན་གྱི་རྗེས་སུ་འབྲངས་ཏེ་བདེན་པ་མངོན་པར་རྟོགས་པར་བྱས་པ་དང། དེ་གང་ཞིག་ཤེས་རབ་ལྷག་པས་རང་ཉིད་ཀྱིས་བདེན་པའི་དབང་དུ་བྱས་པའི་ཆོས་ཀྱི་རྗེས་སུ་འབྲངས་ཏེ་བདེན་པ་མངོན་པར་རྟོགས་པར་བྱས་པའོ། །སྤངས་པའི་ཁྱད་པར་ནི། སྒོམ་སྤང་སྤངས་ཚུལ་སྔར་དང་འདྲ་བ་ལས་མཐོང་སྤང་ཀུན་སྦྱོར་གསུམ་མ་ལུས་པར་སྤངས་པའོ། །རྟོགས་པའི་ཁྱད་པ་ནི། བཅུ་དྲུག་པའི་རྟོགས་པ་ཐོབ་འདོད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་མ་ཐོབ་པའོ་ཞེས་ཀུན་མཁྱེན་གོ་རམས་པའི་སྐྱེས་བུ་མཆོག་གི་གསལ་བྱེད་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:ཆགས་བྲལ་སྔོན་སོང་གི་ཕྱིར་འོང་འབྲས་གནས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | འབྲས་བུ་རིམ་གྱིས་པའི་ཕྱིར་འོང་དང། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་གང་རུང་ཡང་ཡིན། མཐོང་ལམ་གྱི་སྔ་རོལ་དུ་འདོད་པ་ལ་འདུན་པའི་ཉོན་མོངས་དྲུག་པ་སྤངས་པས་རབ་ཏུ་ཕྱེ་བ་ཡང་ཡིན་པའི་གཞི་མཐུན་དུ་གྱུར་པའི་ཉན་ཐོས་དེ། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་འབྲས་གནས་ཀྱི་མཚན་ཉིད་ཡིན། ཆགས་བྲལ་སྔོན་སོང་ནི་འབྲས་བུ་བར་པ་གཉིས་ལ་འཇོག་གི་རྒྱུན་ཞུགས་ལ་མི་འཇོག་སྟེ། རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པའི་གེགས་ཀྱི་གཙོ་བོ་མཐོང་སྤང་ཀུན་སྦྱོར་གསུམ་གྱིས་བྱེད་ལ། མཐོང་ལམ་གྱི་སྔ་རོལ་དུ་དེ་གསུམ་སྤངས་པ་མེད་པའི་ཕྱིར། དགྲ་བཅོམ་པ་ལ་ཡང་བཞག་ཏུ་མི་རུང་སྟེ། དེའི་འབྲས་བུ་ཐོབ་པའི་གེགས་ཀྱི་གཙོ་བོ་སྲིད་ཉོན་དགུ་པ་ཡིན་ལ། མཐོང་ལམ་གྱི་སྔ་རོལ་དུ་སྲིད་ཉོན་དགུ་པ་སྤངས་པ་མེད་པའི་ཕྱིར། |
{{#arraymap:ཆགས་བྲལ་སྔོན་སོང་གི་ཕྱིར་འོང་འབྲས་གནས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མཐོང་ལམ་གྱི་སྔ་རོལ་འདོད་ཉོན་དགུ་པ་སྤངས་པའི་ཉན་ཐོས་སློབ་པ་འབྲས་གནས་སོ། །དབྱེ་བ་ལ། སྤངས་པའི་སྒོ་ནས་དབྱེ་ན། འདོད་ཉོན་དགུ་པ་སྤངས་པ་གཅིག བསམ་གཏན་དང་པོའི་ཉོན་མོངས་དང་པོ་ནས་ཅི་ཡང་མེད་ཀྱི་ཉོན་མོངས་དགུ་པའི་བར་མཐོང་ལམ་གྱི་སྔ་རོལ་དུ་སྤངས་པ་དྲུག་ཅུ་རྩ་གསུམ། མཐོང་ལམ་གྱི་རྗེས་སུ་སྤངས་པ་དྲུག་ཅུ་རྩ་གསུམ། སྲིད་ཉོན་དང་པོ་ནས་བརྒྱད་པའི་བར་སྤངས་པ་བརྒྱད་དེ་བརྒྱ་དང་སུམ་ཅུ་རྩ་ལྔའོ། །རྟོགས་པའི་སྒོ་ནས་དབྱེ་ན། འདོད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ལ་གནས་པ་དང། དེའི་རྗེས་ཀྱི་རྗེས་ཐོབ་ལ་གནས་པ་སྟེ་གཉིས། བསམ་གཏན་དང་པོའི་ཉོན་མོངས་དང་པོ་ནས་སྲིད་ཉོན་བརྒྱད་པའི་བར་བདུན་ཅུ་རྩ་གཅིག་པོ་རེ་རེ་ལ་ཡང་སྦྱོར་བའི་ལམ། བར་ཆད་མེད་པའི་ལམ། རྣམ་པར་གྲོལ་བའི་ལམ། རྗེས་ཐོབ་ལ་གནས་པ་བཞི། སྲིད་ཉོན་དགུ་པ་སྤངས་པའི་སྦྱོར་བའི་ལམ་དང། བར་ཆད་མེད་པའི་ལམ་ལ་གནས་པ་གཉིས་ཏེ་ཉིས་བརྒྱ་དང་བརྒྱད་ཅུ་རྩ་བརྒྱད་དོ། །དབང་པོའི་སྒོ་ནས་དབྱེ་ན། སྔར་ལྟར་དད་མོས་མཐོང་ཐོབ་གཉིས་སོ། །སྤངས་པའི་ཁྱད་པར་ནི། འདོད་ཉོན་དགུ་པ་དང་། མཐོང་སྤང་ཀུན་སྦྱོར་གསུམ་མ་ལུས་པར་སྤངས་ཤིང་བསམ་གཏན་དང་པོའི་ཉོན་མོངས་དང་པོ་ནས་སྲིད་ཉོན་བརྒྱད་པའི་བར་སྤངས་མ་སྤངས་ཅི་རིགས་པ་ཡོད་ལ། སྲིད་ཉོན་དགུ་པ་མ་སྤངས་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྐྱེས་བུ་མཆོག་གི་གསལ་བྱེད་ལས་སོ། ། |
{{#arraymap:ཆགས་བྲལ་སྔོན་སོང་གི་ཕྱིར་འོང་འབྲས་གནས་
|; |@@@ | | }}