16241

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆགས་སྡང་རྨོངས་གསུམ་ལས་མ་བྱིན་ལེན་གྱི་ལས་སྐྱེ་ཚུལ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། མ་བྱིན་པར་ལེན་པ་འདོད་ཆགས་ལས་སྐྱེས་པ་ནི་ནོར་ལ་སོགས་པ་ལ་སྲེད་པས་ལེན་པའོ། །ཞེ་སྡང་ལས་སྐྱེས་པ་ནི། འཁོན་ལས་འཕྲོག་པའོ། །གཏི་མུག་ལས་སྐྱེས་པ་ནི་རྒྱལ་པོ་རྣམས་ཀྱིས་བསྟན་བཅོས་ཚད་མར་བྱས་ནས་མི་སྲུན་པ་ལ་ཆད་པས་གཅོད་པའི་ཕྱིར་འཕྲོག་པ་དང་། བྲམ་ཟེ་རྣམས་ན་རེ། འདི་ཐམས་ཅད་ཚངས་པ་དབང་བ་ཡིན་ལ་བྲམ་ཟེ་རྣམས་ནི་ཚངས་པའི་བུ་ཡིན་པའི་ཕྱིར་འདི་ཐམས་ཅད་ནི་ཚངས་པས་བྲམ་ཟེ་རྣམས་ལ་བྱིན་པ་ཡིན་ན་བྲམ་ཟེ་རྣམས་དམས་པས་དམངས་རིགས་ལ་སོགས་པས་ལོངས་སྤྱོད་པར་ཟད་དོ། །དེ་ལྟ་བས་ན་བྲམ་ཟེ་རྣམས་གཞན་གྱི་ནོར་ལེན་པ་ནི་རང་གི་ནོར་ལེན་པ་ཡིན་པའི་ཕྱིར་ཉེས་པ་མེད་དོ་ཞེས་ཟེར་ནས་རྐུ་བ་ལྟ་བུ་དང་། ལོག་པར་བལྟ་བས་ལེན་པ་ལྟ་བུའོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།

{{#arraymap:ཆགས་སྡང་རྨོངས་གསུམ་ལས་མ་བྱིན་ལེན་གྱི་ལས་སྐྱེ་ཚུལ་

|; |@@@ | | }}