16242

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆགས་སྡང་རྨོངས་གསུམ་ལས་འདོད་ལོག་སྐྱེ་ཚུལ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། འདོད་ལོག་འདོད་ཆགས་ལས་སྐྱེས་པ་ནི་གཞན་གྱི་ཆུང་མ་ལ་ཆགས་པས་ལོངས་སྤྱོད་པའོ། །ཞེ་སྡང་ལས་སྐྱེས་པ་ནི་འཁོན་གྱིས་ལོངས་སྤྱོད་པའོ། །གཏི་མུག་ལས་སྐྱེས་པ་ནི་པར་སིག་པ་རྣམས་དེ་ཡང་། བྲམ་ཟེ་རྒུད་ཚེ་རྐུ་བ་མ་ལ་སོགས་པ་ལ་ལོངས་སྤྱོད་པ་དང་། བ་ལང་འབྲང་གི་མཆོད་སྦྱིན་ལས་ཆོ་ག་ཅན་གྱིས་ཆུ་བཏུང་ངོ་རྩྭ་བཅད་དོ། །མའི་གན་དུ་ཉལ་པོ་ལ་འགྲོའོ། །སྲིང་མོའི་གན་དུ་འགྲོའོ། །རུས་གཅིག་པའི་གན་དུ་འགྲོའོ། །ཞེས་བཤད་པའི་རྗེས་སུ་འབྲངས་ནས་དེ་དག་ལ་ལོངས་སྤྱོད་པ་ལྟ་བུའོ། །ཁ་ཅིག་ནུབ་ཕྱོགས་ཀྱི་བྲམ་ཟེ་ཆུ་སྐྱེས་ཞེས་བྱ་བ་དག་ན་རེ་བུད་མེད་ནི་གཏུན་དང་། མེ་ཏོག་དང་། འབྲས་བུ་དང་། ཟས་སྨིན་པ་དང་། ངོགས་དང་། ལམ་དང་འདྲ་བའི་ཕྱིར་སྤྱད་ཀྱང་ཉེས་པ་མེད་པས་ཐམས་ཅད་ཀྱིས་སྤྱད་པར་བྱའོ་ཞེས་ཟེར་བ་དང་མཐུན་པར་བྱེད་པ་དང་། ལོག་བལྟས་བཅུག་པའོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།

{{#arraymap:ཆགས་སྡང་རྨོངས་གསུམ་ལས་འདོད་ལོག་སྐྱེ་ཚུལ་

|; |@@@ | | }}