16244

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆགས་སྡང་རྨོངས་གསུམ་ལས་སྲོག་གཅོད་ཀྱི་ལས་སྐྱེ་ཚུལ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། སྲོག་གཅོད་པ་འདོད་ཆགས་ལས་སྐྱེས་པ་ནི་ཤ་ལ་སོགས་པ་ལ་སྲེད་ནས་གསོད་པའོ། །ཞེ་སྡང་ལས་སྐྱེས་པ་ནི་འཁོན་གྱིས་གསོད་པའོ། །གཏི་མུག་ལས་སྐྱེས་པ་ནི་མཆོད་སྦྱིན་བྱེད་པ་རྣམས་དང་། རྒྱལ་པོ་རྣམས་ཀྱི་བསྟན་བཅོས་ལས་མི་མ་རུངས་པ་རྣམས་བསད་ན་བསོད་ནམས་སུ་འགྱུར་རོ་ཞེས་བཤད་དོ་སྙམ་ནས་གསོད་པ་དང་། པར་སིག་པ་རྣམས་ཕ་མ་རྒས་སམ་ནད་ཚབས་ཆེན་པོས་བཏབ་པ་ན་བསད་ན་བསོད་ནམས་སུ་འགྱུར་རོ་ཞེས་བྱ་བ་དང་། སྦྲུལ་དང་སྡིག་པ་དང་སྦྲང་བུ་ཏྲྱཻ་མ་བུ་ཀ་ལ་སོགས་པ་ནི་མི་རྣམས་ལ་གནོད་པར་བྱེད་པའི་ཕྱིར་བསད་ན་བསོད་ནམས་སུ་འགྱུར་རོ་ཞེས་བྱ་བ་དང་། རི་དྭགས་དང་ཕྱུགས་དང་བྱ་ལ་སོགས་པ་ནི་ལོངས་སྤྱོད་པར་བྱ་བ་ཡིན་པའི་ཕྱིར་བསད་དོ་ཞེས་ཟེར་བ་ཚད་མར་བྱས་ནས་གསོད་པ་དང་། འཇིག་རྟེན་ཕ་རོལ་མེད་དོ་སྙམ་ནས་གསད་པ་ལོག་པར་ལྟ་བས་རབ་ཏུ་བཅུག་པའི་སྲོག་གཅོད་པ་རྣམས་ཀྱང་ཡིན་ནོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།

{{#arraymap:ཆགས་སྡང་རྨོངས་གསུམ་ལས་སྲོག་གཅོད་ཀྱི་ལས་སྐྱེ་ཚུལ་

|; |@@@ | | }}