16254
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། མངོན་པ་མཛོད་ལས་བཤད་པའི་རོལ་མཚོ་བདུན་གྱི་ནང་གསེས་གསུམ་པ་སྟེ། གཤོལ་མདའ་འཛིན་དང་སེང་ལྡེང་ཅན་བར་གྱི་རོལ་མཚོའོ། །དེའི་ཟབས་སུ་ནི་དཔག་ཚད་བརྒྱད་ཁྲི་རོལ་མཚོ་གཞན་དང་མཚུངས་ཤིང་། ཁ་ཞེང་ཆུའི་མཚོའི་ཕྱེད་དེ་ཉི་ཁྲིའོ། །དེ་ཡང་ངོས་ལ་ནི་སེང་ལྡེང་ཅན་གྱི་འགྲམ་ནས་བགྲངས་ན་སུམ་འགྱུར་ཏེ། དཔག་ཚད་དྲུག་ཁྲིའོ། །དེ་ནི་ནང་གི་རྒྱ་མཚོ་ཡིན་ཏེ་ནང་ཁོ་ནར་ངེས་པའི་ཕྱིར་དང་། གཟའ་སྐར་ལ་སོགས་པའི་གཟུགས་བརྙན་འཆར་བ་དང་། ཆུའི་གཏེར་ཡིན་པའི་ཕྱིར་རོ། ། |
Domain | ཆོས་ལུགས། |
{{#arraymap:ཆང་གི་མཚོ་
|; |@@@ | | }}