16319

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆད་ཐོ་ (1)
Part of speech མིང་ཚིག
Definition དམ་བཅའ་བའམ་མནའ་སྐྱེལ་དུ་འཇུག་པའི་དོན་ལ་འཇུག་སྟེ། བརྡ་སྤྲོད་དཔག་བསམ་ལྗོན་པའི་སྙེ་མ་ལས། ཆད་ཐོ་ཞེས་པའི་ཟུར་མཆན་དུ་དམ་བསྒག་ཅེས་བྱུང་།
ཆད་ཐོ་ (2)
Part of speech མིང་ཚིག
Definition བུ་ལོན་སྒྲུབ་འཇལ་ཆད་པའི་གྲངས་ཀ་བྲིས་པའི་ཐོ་གཞུང་གི་མིང་།
ཆད་ཐོ་ (3)
Part of speech མིང་ཚིག
Definition བཀའ་གཏེར་གྱི་སྲུང་མ་རྣམས་ལ་སྔོན་གྱི་དམ་ཚིག་གི་ཆད་སྒྲོག་པའི་ཆོ་ག་ལ་ཡང་སྐབས་འགར་ཆད་ཐོ་ཞེས་འབྲི།