16330

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆད་པའི་ལས་ཀྱིས་བསྒྲུབ་པར་བྱ་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ཆད་པའི་ལས་ཀྱིས་བསྒྲུབ་པར་བྱ་བའི་ཡུལ་གྱི་དགེ་སློང་དེ་ཡང་ཆོས་བཅུ་གཉིས་དང་ལྡན་པ་ཞིག་དགོས་པ་ཡིན་ཏེ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གསུམ་པ་ཆད་པའི་ལས་ཀྱིས་བསྒྲུབ་པར་བྱ་བའི་ཡུལ་དགེ་སློང་དེ་ཡང་ཆོས་བཅུ་གཉིས་དང་ལྡན་པ་དགོས་ཏེ། སྔར་བཤད་པ་དགུའི་སྟེང་དུ་ལྟུང་བ་གླེང་དྲན་སྔོན་དུ་སོང་བ། ནད་པ་མ་ཡིན་པ། དགེ་འདུན་ཐ་དད་དུ་འབྱེད་པར་ནུས་པ་མ་ཡིན་པ་རྣམས་དགོས་པའི་ཕྱིར། འདིའི་རང་གི་གཞི་ལེགས་པ་ཡོད། ཕྱིར་མི་འཆོས་པ་གནས་ནས་དབྱུང་བའི་ནན་ཏུར་ལྟ་བུ་ལ་མཚོན་ན། ཕྱིར་བཅོས་པའི་རྐྱེན་ཡོད་བཞིན་དུ་མི་འཆོས་པ་ལྟ་བུ་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།