16337
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕྱི་རོལ་པ། རྒྱང་འཕེན་པ། ཆད་པར་ལྟ་བ་ནི། ཕྱི་རོལ་པའི་གྲུབ་མཐའ་ལ་རྟག་ཆད་སྡེ་གཉིས་སུ་ཡོད་པའི་ཡ་གྱལ་ཆད་པར་སྨྲ་བའི་སྡེ་པ་སྟེ། ཕྱོགས་བཅུའི་མུན་སེལ་ལས། ཆད་པར་ལྟ་བ་ནི། རྒྱང་འཕེན་པའམ། ཚུ་རོལ་མཛེས་པར་སྨྲ་བའམ། ནམ་མཁའི་ཡིད་ཅན་པ་ཞེས་བྱ་སྟེ། ཕུར་བུ་ལྷར་འཛིན་པའོ། །ཞེས་དང་། ཆད་པ་བས་མའི་མངལ་དུ་བདག་གློ་བུར་དུ་བྱུང་ནས་གནས་ལ། ཤི་བའི་ཚེ་བདག་རྒྱུན་ཆད་པས་ན་སྔ་ཕྱིའི་མུར་ཐུག་སྟེ་ཚེ་སྔ་ཕྱི་དང་། ཐར་པ་དང་ཐམས་ཅད་མཁྱེན་པ་མེད་པར་འདོད་པས་མུར་ཐུག་པའམ་རྒྱང་འཕེན་པ་ཞེས་བྱའོ། །ཞེས་གསུངས། |
| Domain | ཆོས་ལུགས། |