16394
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྐྱ་ནང་དཀར་པོ་སྲད་རིགས་གཞན་དང་འདྲ་བར་རྩ་ཕྲན་གཉིས་གསུམ་གྱེས་པ་དང༌། སྡོང་པོ་ལྗང་ལ་དམར་མདངས་ཡོད་པ་ཕྲ་ལ་ཅུང་རིང་བ་བཞི་ལྔ་ཙམ་གྱི་སྟོད་ཆ་ནས་ཡལ་ག་གྱེས་ཏེ་ས་སྟེང་དུ་ཉལ་ནས་སྐྱེ་ཞིང༌། ལོ་མ་སྔོ་ལྗང་ཆུང་ཞིང་སྒོར་བར་སྤུ་དཀར་འཇམ་པོ་ཐར་ཐོར་ཡོད་པ་སྒྲོ་དབྱིབས་མང་ལོ་ཆེ་ཆུང་ཙམ་མ་གཏོགས་སྲད་རིགས་གཞན་གྱི་སྐྱེ་དབྱིབས་དང་འདྲ་པོ་ཡོད། མེ་ཏོག་དམར་སྨུག་ཆུང་བར་འོད་མདངས་རྒྱས་པ་ཕྱེ་མ་ལེབ་ཀྱི་དབྱིབས་འདབ་མ་ཅུང་ཟད་ཐུང་བ་ཡལ་ག་དང་སྡོང་པོའི་རྩེར་བང་རིམ་དུ་འཆར་བ། གང་བུ་ལེབ་འཇོང་ཆུང་བ་སྨིན་ཚེ་སྨུག་པོ་ཆགས་པའི་དཀྱིལ་ཀྱོང་བར་སྤུ་དཀར་འཇམ་པོ་ཐར་ཐོར་ཡོད་པ་སྟེ། ཆབ་འདྲེན་གཞོན་ནུ་ཀོ་བ་ཁ་སྦུབ་འདྲ། །ཞེས་པ་དེ་ཡིན། བོད་ཀྱི་ས་ཁུལ་ཕལ་ཆེ་བའི་རི་ལྡེབས་དང༌། རི་མ་ཐང་གི་རྡོ་གསེབ་སོགས་སུ་སྐྱེ་བ། རྩ་ལོ་མེ་འབྲས་ལྷན་ཅིག་བོད་ཟླ་དྲུག་པ་བདུན་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་ཁཎྜ་བཟོས་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་ལ་ཁ་བ། ཞུ་རྗེས་མངར་བ། ནུས་པ་བསིལ་བས་སྐྱ་རྦབ་ཀྱི་ནད་དང༌། དམུ་ཆུ་འདྲེན་ཞིང་ལུས་ཟུངས་ཉམས་པ་གསོ་བ་དང༌། སྐྲངས་སྦོས་སོགས་ལ་ཕན་པ་ཡིན། |