16426

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆམ་མེ་བ་ (1)
Part of speech རྒྱན་ཚིག
Definition ཅི་ཡང་མེད་པའི་སྟོང་སང་ངེ་བའི་སྣང་བ་འཆར་ཚུལ་ཙམ་སྟེ།
Example རྣམ་རྟོག་བཀག་པའི་ཆམ་མེ་བ་ཙམ་ལ་གནས་ལུགས་སུ་བཟུང་ན་གོལ་བ་ཡིན་ལྟ་བུ།
ཆམ་མེ་བ་ (2)
Part of speech རྒྱན་ཚིག
Definition ལྷམ་མེ་བ་སྟེ་འོད་འཕྲོ་བའི་རྣམ་པ་ཞིག།
Example གྲོང་ཁྱེར་གྱི་གློག་སྒྲོན་ནི་སྐར་ཚོགས་བཞིན་དུ་འོད་ཆམ་མེ་འདུག་ལྟ་བུ།