From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཆར་འབེབས་ (1)
| Part of speech
|
མིང་ཚིག
|
| Definition
|
ཆར་བ་འབབ་པར་བྱེད་པའི་ཐབས་ཀྱི་ཆོ་ག་ཞིག་གི་མིང་།
|
ཆར་འབེབས་ (2)
| Part of speech
|
མིང་ཚིག
|
| Definition
|
བརྒྱ་བྱིན། འདིས་སྤྲིན་གྱི་བཞོན་པར་རྒྱ་མཚོ་བརྡབ་ཏུ་བཅུག་ནས་ནམ་མཁའ་ནས་ཆར་བ་འབེབས་པས་སོ།
|
| Type
|
མངོན་བརྗོད།
|
ཆར་འབེབས་ (3)
| Part of speech
|
མིང་ཚིག
|
| Definition
|
བརྒྱ་བྱིན་གྱི་ནོར་བུ་སྟེ། ཆར་བ་འབེབས་པར་བྱེད་པའི་ནུས་པ་དང་ལྡན་པས་སོ། །
|
ཆར་འབེབས་ (4)
| Part of speech
|
མིང་ཚིག
|
| Definition
|
ཉི་མ་སྟེ། ཚ་བའི་དྲོད་ཀྱིས་ཆུ་བསྲོས་ནས་རླངས་པ་བྱུང་བ་དགུང་ལ་འཕགས་ནས་ཆར་བ་འབབ་པར་བྱེད་པས་སོ། །
|
ཆར་འབེབས་ (5)
| Part of speech
|
མིང་ཚིག
|
| Definition
|
དབང་ཕྱུག་ཆེན་པོ་སྟེ། རལ་བ་བརྐྱངས་ཏེ་གང་གཱའི་ཆུ་བླངས་ནས་ཆར་དུ་འབེབས་པར་གྲག་པས་སོ། །
|