16481

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆར་ལྡན་ (1)
Part of speech མིང་ཚིག
Definition སྤྲིན་ཏེ། རླངས་པ་སྤྲིན་དུ་ཆགས་ཤིང་དེ་ཉིད་གྲང་རེག་དང་ཕྲད་དུས་ཆུ་ཟེགས་མར་གྱུར་ཏེ་ཆར་དུ་འབེབས་པའི་ཕྱིར་ན་དེ་ལྟར་བཏགས།
Type མངོན་བརྗོད།
ཆར་ལྡན་ (2)
Part of speech མིང་ཚིག
Definition དབྱར་ཁའི་མིང་སྟེ། དབྱར་གྱི་དུས་སུ་ཆར་བ་མང་པོ་འབབ་པས་སོ། །