16491

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆར་སྡོད་བྱེའུ་ (1)
Part of speech མིང་ཚིག
Definition བྱེའུའི་རིགས་ཤིག་སྟེ། ཁུ་བྱུག་ལས་ཆུང་ཞིང་ཅོ་ཀ་ལས་ཆེ་བ་མཇུག་མའི་རྩེ་མ་གཏོགས་དབྱིབས་སོགས་ཁུ་བྱུག་འདྲ་བ་དང་། ལུས་ཀྱི་སྟོད་ཆ་ཁམ་ཁྲ་དང་སྐེད་པ་དང་མཇུག་མའི་སྒྲོ་མདོག་སྐྱ་ལ་མཇུག་རྩེ་ཁ་གཉིས་སུ་གྱེས་ཡོད། གཤོག་པའི་སྒྲོ་སྨུག་ཅིང་ཕྲ་ཐིག་ཆུང་བ་ཡོད་ལ། ལུས་ཀྱི་སྨད་ཆ་དང་བྲང་ལོགས་རྩིབ་ལོགས་དཀར་པོ་ཡིན་པ་དང་། མགོ་བོ་ཆུང་ཞིང་མཆུ་ཡང་ཐུང་ལ་རྩེ་རྣོ་བ་ཡིན། རྒྱུན་དུ་ནགས་ཁུལ་དུ་གནས་ཤིང་ཁུ་བྱུག་གི་སྔོན་ཙམ་ལ་དབུས་སུ་ཡོང་བ་དང་། ཕར་ཚུར་འཕུར་སྐབས་ཁྱུ་བྱས་འཕུར་བ་མ་ཟད། དགུན་དུས་ས་བབ་དམའ་ཞིང་དྲོ་བའི་ནགས་ཁུལ་གྱི་བྲག་ལོགས་དང་ཤིང་གསེབ་ཏུ་སྡོད་པ་དང་། ཟས་སུ་གཙོ་བོ་སྲིན་བུའི་རིགས་དང་། ཤིང་འབྲས་སྣ་ཚོགས་ཟ་བ་ཡིན་ནོ། །