16511

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆས་གོས་རྣམ་ལྔ་ (1)
Part of speech མིང་ཚིག
Definition བོན། ཆོ་གའི་བྱེད་སྒོ་སྤེལ་སྐབས་སུ་གཤེན་པོ་རྣམས་ལ་མཁོ་བའམ། དཔོན་གསས་བླ་མའི་གཟི་བརྗིད་ཆེ་བ་འདོན་བྱེད་ཀྱི་ཆས་ཤིག་སྟེ། གཟི་བརྗིད་པོད་གསུམ་པ་ལས། ཆས་གོས་རྣམ་ལྔ་རིན་ཆེན་འོད་དུ་འབར། དཔོན་གསས་བརྗིད་པའི་རྒྱན་དུ་གསོལ་བར་བྱ། ཞེས་སོ། །ལྔ་ནི། དབུ་རྒྱན་རིན་ཆེན། དབུ་ཐོད་གཙང་མ། གཙང་གོས། གཙང་གདན། དར་དཀར་ཅོག་ཞུ་དང་ལྔའོ། །
Domain ཆོས་ལུགས།