16513

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆས་པ་བློ་བཟང་འཕྲིན་ལས་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་ས་སྟག་ཕྱི་ལོ་ ༡༦༩༨ ལོར་མདོ་སྨད་དུ་ཡབ་ཕན་བདེ་འབྱུང་གནས་དང་། ཡུམ་མ་ཎི་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། བརྒྱད་པར་ཆས་པ་དབོན་པོ་གཟའ་རོ་ཟེར་བའི་སྤྲུལ་སྐུར་ངོས་བཟུང་། ཆས་པ་ཀོང་བུ་ནང་དགའ་ལྡན་བཀྲ་ཤིས་བསམ་འགྲུབ་གླིང་གི་གདན་སར་བཀོད། གོ་ཚང་སྤྲུལ་སྐུ་བློ་བཟང་ཚུལ་ཁྲིམས་ལས་རབ་ཏུ་བྱུང་། ཡི་གེའི་སྦྱོར་ཀློག་དང་། འདོན་ཆོས་བཅས་ལ་མཁས་པར་སྦྱངས། བཅུ་དགུ་པར་ཀུན་མཁྱེན་འཇམ་དབྱངས་བཞད་པ་ལས་བསྙེན་པར་རྫོགས། འཇིགས་བྱེད་ཀྱི་དབང་ཆེན་གསན། ཉི་ཤུ་བར་ཁྱ་དགེ་དཔོན་སློབ་ལས་ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་རྗེས་གནང་དང་། ཐང་ཚང་བ་ལས་བཀའ་འགྱུར་གྱི་ལུང་གསན། སོ་བརྒྱད་པར་དབུས་སུ་བྱོན། རྒྱལ་བ་ཡབ་སྲས་མཇལ། ཞེ་གཉིས་པར་མདོ་སྨད་དུ་ཕེབས། རི་བོ་རྩེ་ལྔར་གནས་མཇལ་མཛད། མཚོ་བདུན་དུ་ལྕང་སྐྱ་རོལ་བའི་རྡོ་རྗེ་ལས་ཆོས་འབྲེལ་ཞུས། ཞེ་དགུ་པར་རང་དགོན་དུ་ཕེབས། ཕྲེང་བའི་དབང་སོགས་ཆོས་རྒྱུན་རྒྱ་ཆེར་སྤེལ། མདོ་དབུས་ཁམས་གསུམ་གྱི་བླ་མ་བཞི་བཅུ་ལྷག་བསྟེན། ང་གསུམ་པར་ཁྲི་ཆེན་ནམ་མཁའ་བཟང་གི་བཀའ་ལྟར་གསེར་གདུང་སྟེང་དུ་བཟང་གོས་ཀྱི་གུར་གསོལ། རི་ཁྲོད་ཀུན་བཟང་བདེ་ཆེན་གླིང་བཏབ། རེ་དྲུག་པ་རབ་བྱུང་བཅུ་གསུམ་པའི་ཤིང་སྤྲེལ་ཕྱི་ལོ་ ༡༧༦༤ ལོར་སྐུ་གཤེགས། ཆས་པའི་སྐུ་ཕྲེང་གཉིས་པ་ཡིན།